ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་གསར་བར་བསྐོ་འཇོག་བྱས།

ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་ཀྱིས་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི་སྐབས་གསར་བའི་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་འཇོག་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ནུབ་ཀྱི་རྒྱ་མཚོ་ཆེན་མོའི་ལས་འཛིན་ལྷན་ཚོགས་ཀྱིས་ལོས་ཐི་དྲུང་ཡིག་ཆེན་མོ་གསར་བར་བསྐོ་འཇོག་བྱེད་རྒྱུ་ཐག་བཅད་པ་དང་། ཁོས་ཟླ10བའི་ཚེས1ཉིན་ད་ལྟའི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡི་ཚབ་ཏུ་འགན་ཁུར་རྒྱུ་ཡིན་ལ། སི་ཐའོ་ཨར་ཐིན་པེ་ཀི་ཡིས་ལོ་ངོ་བཅུའི་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཡུན་ལོངས་པ་རེད།

རོ་མཱ་ནི་ཡཱའི་ཙུང་ཐུང་ཡའོ་ཧན་ནེ་སི་ཡིས་ཚེས20ཉིན་དངོས་སུ་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོའི་འགྲན་རྩོད་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས། དེ་བས་ལོས་ཐི་ལ་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་གཉིས་པོ་ཚང་མའི་རྒྱབ་སྐྱོར་ཐོབ་པ་རེད། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་དང་བྱང་ཆིངས་རྩ་འཛུགས་དམག་དོན་ཨུ་ཡོན་ལྷན་ཁང་་གི་ཀྲུའུ་ཞི། བྱང་ཆིངས་རྩ་འཛུགས་ཡོ་རོབ་གླིང་མནའ་འབྲེལ་དམག་གི་ཆེས་མཐོའི་དམག་སྤྱི་བཅས་ནི་བྱང་ཆིངས་རྩ་འཛུགས་ཀྱི་དཔོན་རིགས་གཙོ་བོ་ཡིན། ཧི་ལན་ནི་བྱང་ཆིངས་རྩ་འཛུགས་ཐོག་མར་འཛུགས་མཁན་གྱི་རྒྱལ་ཁབ་གྲས་ཡིན་པ་དང་། སྐབས་རིམ་བྱུང་གི་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོའི་ཁྲོད་ཧི་ལན་གྱི་མི་འགའ་ཡོད་པ་རེད།

ལོས་ཐི་ནི་ཧི་ལན་གྱི་ཧེ་ཡཱ་ནས་སྐྱེས་པ་དང་། ད་ལོར་ལོ་ང་བདུན་ཡིན་ལ། ཁོས2010ལོར་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བའི་ཚུན་ལ། བསྟུད་མར་ཐེངས་བཞིར་སྲིད་གཞུང་རྩ་འཛུགས་བྱས་པ་དང་། ཧི་ལན་གྱི་ལོ་རྒྱུས་སྟེང་འགན་ཡུན་ཆེས་རིང་བའི་དབུ་བཞུགས་བློན་ཆེན་ཅིག་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号