མི63ཨུ་རུ་སུའི་རྒྱལ་ཁོངས་སུ་འཛུལ་མི་ཆོག 

ས་གནས་དེ་གའི་དུས་ཚོད་ཟླ6ཚེས26ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུས་དྲ་ཚིགས་ཐོག་གསལ་བསྒྲགས་སྤེལ་ནས། ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་ཕྱོགས་ཀྱིས་ལག་ལེན་བསྟར་བའི་ཨུ་རུ་སུར་ངོ་རྒོལ་བྱེད་པའི་སྲིད་ཇུས་ལ་རྒོལ་ལན་སློག་ཆེད། ཨུ་རུ་སུ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་སྤྱི་དམངས27དང་ནེའུ་ཙི་ལན་གྱི་སྤྱི་དམངས36རྒྱལ་ཁོངས་སུ་འཛུལ་རྒྱུ་གཏན་འགོག་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།

གསལ་བསྒྲགས་ནང་བཤད་དོན། བྱེད་སྟངས་དེ་ནི་ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་དང་ནེའུ་ཙི་ལན་སྲིད་གཞུང་གིས་ཨུ་རུ་སུའི་མི་སྒེར་དང་ཁྲིམས་མིར་དམིགས་པའི་ཆབ་སྲིད་ཀྱི་ཀུན་སློང་ལ་གཞིགས་ནས་བཀག་སྡོམ་བྱས་པར་རྒོལ་ལན་བསློགས་པ་ཡིན། གོང་གི་རྒྱལ་ཁོངས་སུ་འཛུལ་མི་ཆོག་པའི་མི་སྣའི་ནང་ཆབ་སྲིད་བྱེད་སྒོ་སྤེལ་མཁན་དང་། བཙན་ཤུགས་སྒྲིག་གཞིའི་འགན་འཁུར་བ། ཀུང་སིའི་འགན་འཁུར་བ། མཐོ་སློབ་ཀྱི་དགེ་རྒན། གསར་འགོད་པ། སྤྱི་དམངས་སོགས་ཚུད་ཡོད་པ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号