ཡོ་རོབ་མནའ་འབྲེལ་གྱིས་ཡུག་རེན་ལ་ཡོ་སྒོར་དུང་ཕྱུར19རོཊ་སྐྱོར་བྱས།

ས་གནས་དེ་གའི་དུས་ཚོད་ཟླ6ཚེས27ཉིན། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་ཏུང་པུའུ་ལུའོ་ཧྥུ་སི་ཅི་སིས། ཡོ་རོབ་མནའ་འབྲེལ་གྱིས་ཉིན་དེར་ཡུག་རེན་ལ་ཡོ་སྒོར་དུང་ཕྱུར19ཡི་ཛ་དྲག་རོགས་སྐྱོར་མ་དངུལ་མཁོ་འདོན་བྱས་ཏེ། གང་དེའི་ཛ་དྲག་ཆེ་ཤོས་ཀྱི་མ་དངུལ་དགོས་མཁོ་སྐོང་རྒྱུ་ཡིན་ཞེས་བརྗོད་ཡོད། 

ཏུང་པུའུ་ལུའོ་ཧྥུ་སི་ཅི་སིས། སྒོར་མོ་གཞན་དག་དུས་མཚམས་གཏན་འཁེལ་གྱིས་སྤྲོད་པའི་ཐབས་ལམ་སྤྱད་ནས་དབྱར་ཁའི་རྗེས་སུ་སྤྲོད་རྒྱུ་ཡིན་ཞེས་བརྗོད་ཡོད།

2024ལོར་སྔོན་དཔག་བྱས་ན་ཡོབ་རོབ་མནའ་འབྲེལ་གྱིས་ཡུག་རེན་ལ་ཁྱོན་བསྡོམས་ཡོ་སྒོར་དུང་ཕྱུར159འདོན་སྤྲོད་བྱ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号