ལི་ཆང2024ལོའི་དབྱར་དུས་ཏ་ཝའོ་སི་གླིང་སྟེགས་ཀྱི་ཕྱི་རྒྱལ་གྱི་བཟོ་ཚོང་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས་པ།

ཟླ6པའི་ཚེས25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཏ་ལེན་དུ2024ལོའི་དབྱར་དུས་ཏ་ཝའོ་སི་གླིང་སྟེགས་ཀྱི་ཕྱི་རྒྱལ་གྱི་བཟོ་ཚོང་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཟླ6པའི་ཚེས25ཉིན་ཏ་ལེན་དུ2024ལོའི་དབྱར་དུས་ཏ་ཝའོ་སི་གླིང་སྟེགས་ཀྱི་ཕྱི་རྒྱལ་གྱི་བཟོ་ཚོང་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས།

ཚོགས་འདུར་ཞུགས་པའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་གཏམ་བཤད་ལ་མཉན་རྗེས། ལི་ཆང་གིས་བསྟན་དོན། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་བདེ་བླག་ངང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་འབྲེལ་མཐུད་དམ་ཟབ་བྱས་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་རྒྱུན་མཐུད་སླར་གསོ་དང་ཡུན་རིང་ཇེ་ལེགས་སུ་སོང་བ་དང་། ཀྲུང་གོའི་དཔལ་འབྱོར་གྱི་ཚུལ་སྒྱུར་རིམ་སྤར་དང་གཏིང་ཟབ་བཅོས་སྒྱུར་བྱས་པ་དེས་རྒྱལ་ཁབ་སོ་སོའི་ཁེ་ལས་གོང་འཕེལ་ལ་རྒྱ་ཆེའི་བར་སྟོངས་གསར་བ་འདོན་སྤྲོད་བྱེད་ངེས་ཡིན།

ལི་ཆང་གིས་མིག་སྔའི་ཀྲུང་གོའི་དཔལ་འབྱོར་གྱི་གནས་བབ་དང་དཔལ་འབྱོར་སྲིད་ཇུས་མཚམས་སྦྱོར་བྱས། ཁོང་གིས་བསྟན་དོན། ང་ཚོས་མུ་མཐུད་དུ་བརྟན་ཐོག་ཡར་བརྩོན་དང་འཕེལ་རྒྱས་ཀྱིས་གཏན་འཇགས་ལ་སྐུལ་འདེད། སྔོན་འཛུགས་རྗེས་བརྟོལ་རྒྱུན་འཁྱོངས་བྱེད་པ་དང་། ཁྱོན་ཡོངས་ཀྱི་སྲིད་ཇུས་དུས་འཁོར་ལྡོག་མ་དང་དུས་འཁོར་བརྒལ་བའི་སྙོམ་སྒྲིག་ཇེ་དྲག་ཏུ་བཏང་སྟེ། མིག་སྔར་ལ་རྐང་བཙུགས་ནས་གནད་ཁེལ་ཇུས་བསྟར་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་འབུར་ཐོན་འགལ་ཟླ་དང་གནད་དོན་ཐག་གཅོད་བྱས་ནས་དཔལ་འབྱོར་སླར་གསོ་དང་ཇེ་ལེགས་སུ་འགྲོ་བའི་རྣམ་པ་སྲ་བརྟན་དང་ཇེ་ཆེར་གཏོང་དགོས་པ་མ་ཟད། རྒྱང་རིང་ལ་དམིགས་ནས་སྲིད་ཇུས་ཐོན་ཁུངས་གཅིག་སྡུད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་དང་རིམ་སྤར་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་ཆེར་གཏོང་དགོས། སྲིད་ཇུས་བྱེད་ཐབས་འདི་དག་གི་ཕན་འབྲས་ད་ལྟ་དངོས་སུ་ཐོན་བཞིན་ཡོད། ང་ཚོར་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་མངོན་འགྱུར་བྱེད་པར་ཡིད་ཆེས་ཡོད་ལ། ཀྲུང་གོའི་དཔལ་འབྱོར་ཡུན་རིང་ཇེ་ལེགས་སུ་འགྲོ་བ་སྲུང་འཛིན་བྱེད་པའི་ནུས་པའང་ཡོད།

ལི་ཆང་གིས་བསྟན་དོན། དཔལ་འབྱོར་འཕེལ་རྒྱས་ལ་ངེས་པར་དུ་དངོས་གཞིའི་དཔལ་འབྱོར་གི་གཞི་རྩ་དེ་སྲ་བརྟན་དུ་གཏོང་དགོས། ང་ཚོས་ཚན་རྩལ་གསར་སྐྲུན་གྱིས་ཐོན་ལས་གསར་སྐྲུན་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ཕྱོགས་གཅིག་ནས་སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བསྒྱུར་བཅོས་ཀྱི་ཁ་ཕྱོགས་ཆེན་མོར་བསྟུན་ནས། མ་འོངས་པའི་དགོས་མཁོ་དང་རྒྱལ་ཁབ་ཀྱི་ལེགས་ཆ་ཟུང་སྦྲེལ་བྱས་ཏེ། རྨང་གཞི་ཞིབ་འཇུག་དང་དངོས་སྤྱོད་ཚན་ཞིབ་འཇུག ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་ཤུགས་བསྣན་ཏེ། གསར་དར་ཐོན་ལས་གསོ་སྐྱོང་ཇེ་ཆེ་དང་མ་འོངས་ཐོན་ལས་སྔོན་སྐྱོད་ཀྱི་ཁྱབ་ཚུལ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། སྔོན་ཐོན་ཚན་རྩལ་སྤྱད་དེ་སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤར་ལ་ནུས་པ་བསྩལ་ནས། ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། ཕྱོགས་གཞན་ཞིག་ནས་བལྟོས་བཅས་ཀྱི་ལེགས་ཆའི་ཁྲོད་འགྲན་རྩོད་ལེགས་ཆ་འདོན་སྤེལ་བྱེད་དགོས། ཀྲུང་གོའི་ཐོན་རྫས་ལ་འགྲན་རྩོད་ནུས་པ་ལྡན་པ་ནི་ཕྱི་རྒྱལ་ཁེ་ལས་ཚུད་པའི་རིགས་སོ་སོའི་ཁེ་ལས་ཀྱིས་འདྲ་མཉམ་འགྲན་རྩོད་ཁྲོད་དཀའ་སྤྱད་འབད་བརྩོན་བྱས་ནས་ཐོན་པ་ཞིག་ཡིན། ང་ཚོས་ཕྱི་རྒྱལ་གྱི་ཁེ་ལས་དང་མཉམ་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། སྔར་ལས་ལྷག་པར་འཛམ་གླིང་གི་དཔལ་འབྱོར་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།

ལི་ཆང་གིས་ནན་གྱིས་བསྟན་དོན། དཔལ་འབྱོར་གསོན་ཤུགས་ཅི་འདྲ་ཡོད་པ་ནི་གཙོ་བོ་ཁེ་ལས་ལ་རག་ལས་པ་ཡིན། ང་ཚོས་སྔོན་དཔག་ལེགས་བཅོས་དང་ཡིད་ཆེས་ཇེ་ཆེར་གཏོང་བ་ནས་མགོ་བརྩམས་ཏེ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་དྲ་བཏོད་པ་རྒྱུན་འཁྱོངས་བྱས་ནས། ཤུགས་ཆེན་པོས་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་མོ་འཛུགས་སྐྲུན་ལ་སྐུལ་འདེད་དང་། རིགས་སོ་སོའི་བདག་གཉེར་གཙོ་གཞི་འཕེལ་རྒྱས་དང་སྟོབས་ཆེན་དུ་འགྲོ་བར་སྐུལ་འདེད་གཏོང་དགོས། ང་ཚོས་མུ་མཐུད་དུ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཇེ་ཆེར་བཏང་ནས། སྔར་ལས་ལྷག་པར་ཚོང་རའི་ཆོག་འཐུས་ཇེ་ཡངས་སུ་གཏོང་བ་དང་། ཕྱོགས་ཡོངས་ནས་གསར་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་དངུལ་ཆོག་འཐུས་ཚད་བཀག་མེད་པར་གཏོང་བ་དངོས་འབེབས་གང་ལེགས་བྱས་ཏེ། མུ་མཐུད་དུ་ཞབས་ཞུ་ལས་རིགས་ཀྱི་སྒོ་འབྱེེད་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་རྒྱ་བསྐྱེད་དུ་བཏང་ནས་ཕྱི་རྒྱལ་གྱི་དངུལ་གཏོང་པར་སྔར་ལས་མང་བའི་གོ་སྐབས་དང་སྔར་ལས་ལེགས་པའི་ཁོར་ཡུག་འདོན་སྤྲོད་བྱེད་དགོས། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཛམ་གླིང་ཅན་དང་རང་དབང་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་ཡོད། ཀྲུང་གོར་དངུལ་གཏོང་དང་ཀྲུང་གོར་འཕེལ་རྒྱས་བཏང་ནས། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།

བཞུགས་མོལ་ཚོགས་འདུ་ལ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ཡིས་མགོ་འཛིན་བྱས་པ་དང་། རྒྱལ་ཁབ་དང་ས་ཁུལ40ལྷག་ནས་ཡོང་བའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི200ལྷག་ཞུགས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号