ཁོ་པ་ལོ12རིང་བཙོན་འཇུག་བྱ་རྒྱུ་རེད། 

2024ལོའི་ཟླ6ཚེས26ཉིན། ཏེ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ནང་ཧྲན་ཏུང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་བཅུ་གསུམ་པའི་ཚོགས་གཙོ་ཟུར་པ་ཡུའེ་ཏེ་ཁྲོན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད། ཞུ་སྦྱོར་ཕྱི་མ་བ་ཡུའེ་ཏེ་ཁྲོན་ལ་ལྐོག་རྔན་བླངས་པའི་བྱས་ཉེས་ཐོག་ནས་ལོ་བཅུ་གཉིས་རིང་བཙོན་འཇུག་གི་ཁྲིམས་ཐག་ཆད་པ་མ་ཟད། དངུལ་ཆད་ཀྱང་མི་དམངས་ཤོག་སྒོར་ཁྲི་ཉིས་བརྒྱ་བཅད་པ་དང་། གྱོད་དོན་དང་འབྲེལ་བ་ཡོད་པའི་ལྐོག་རྔན་བླངས་པའི་རྒྱུ་ནོར་དང་སྐྱེད་འཕེལ་གྱི་སྐྱེད་ཀ་སྒོ་ཐེལ་བཀག་སྡོམ་དང་བཀག་ཉར་བྱས་ནས། ཁྲིམས་ལྟར་གཞུང་བཞེས་བཏང་སྟེ་རྒྱལ་མཛོད་ལ་འབུལ་རྒྱུ་རེད།

ཞིབ་གཅོད་བྱས་པ་བརྒྱུད། 2010ལོའི་ལོ་སྨད་ནས2023ལོའི་ཟླ6པའི་བར། ཞུ་སྦྱོར་ཕྱི་མ་བ་ཡུའེ་ཏེ་ཁྲོན་གྱིས་ཙའོ་ཀྲོང་གྲོང་ཁྱེར་ཞུའེ་ཁྲེང་ཆུས་ཨུ་ལྷན་གྱི་ཧྲུའུ་ཅི་དང་། ཏུང་ཡིང་གྲོང་ཁྱེར་ཨུ་ལྷན་གྱི་རྒྱུན་ཨུ། གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། ཡན་ཐའེ་གྲོང་ཁྱེར་ཨུ་ལྷན་གྱི་རྒྱུན་ཨུ། གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན། ཞིང་ཨུའི་སྐོར་ཞིབ་ཚོ་ཆུང་བཅུ་གསུམ་པའི་ཚོགས་གཙོ་སོགས་ལས་གནས་ཀྱི་འགན་འཁུར་སྟབས་བདེ་དང་། དེ་བཞིན་འགན་དབང་ངམ་གོ་གནས་ལས་གྲུབ་པའི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས། རྒྱལ་ཁབ་ཀྱི་ལས་དོན་མི་སྣ་གཞན་དག་གི་ལས་གནས་ཐོག་གི་བྱ་སྤྱོད་བརྒྱུད་འབྲེལ་ཡོད་སྡེ་ཚན་དང་སྒེར་པར་ས་ཞིང་འཆར་འགོད་ལེགས་སྒྲིག་དང་རྣམ་གྲངས་འགན་ལེན་སོགས་ཀྱི་རོགས་རམ་བྱས་ནས། ཁྲིམས་འགལ་ངང་གཞན་གྱིས་སྤྲད་པའི་རྒྱུ་ནོར་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་སྒོར་ཁྲི2116ལྷག་ཙམ་བླངས་ཡོད་པ་རེད།

ཏེ་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཞུ་སྦྱོར་ཕྱི་མ་བ་ཡུའེ་ཏེ་ཁྲོན་གྱི་བྱ་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་སུ་གྲུབ་ཡོད་པ་མ་ཟད། གྲངས་འབོར་ཤིན་ཏུ་ཆེ་བས་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པའི་ངོས་འཛིན་བྱས་པ་རེད། གྱོད་དོན་འབྱོར་རྗེས་རང་ཉིད་ཀྱི་ཉེས་པ་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་དང་། གྱོད་དོན་སྒྲུབ་མཁན་ལས་ཁུངས་ཀྱིས་ཁོང་དུ་ཆུད་མེད་པའི་ལྐོག་རྔན་ཉེས་གསོག་གི་དོན་དངོས་མང་ཆེ་བ་རང་འགུལ་ངང་རྩིས་སྤྲོད་བྱས་པ་དང་། ཉེས་པ་ངོས་ལེན་དང་འགྱོད་བཤགས་བྱས་པ། ཁྲིམས་འགལ་གྱི་ཐོབ་ཆ་ཕྱིར་སློག་ཧུར་ཐག་བྱས་པ་སོགས་ཁྲིམས་བཀོད་དང་བབ་བསྟུན་ངང་ཉེས་ཆད་ཡང་མོ་གཅོད་པའི་གནས་ཚུལ་ཡོད་པས། ཁྲིམས་ལྟར་དེར་ཉེས་ཆད་ཡང་མོ་བཅད་ཆོག ཉེས་པ་ཁས་ལེན་དང་ཉེས་ཆད་ཁས་ལེན་བྱས་ན་བཅའ་ཁྲིམས་ལྟར་གུ་ཡངས་ཀྱི་ཐག་གཅོད་བྱས་ཆོག་པ་ལྟར། ཁྲིམས་ཁང་གིས་དཔྱད་མཚམས་གོང་གསལ་བཞིན་བཏང་བ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号