ཐའེ་ཝན་མཚོ་འགག“དམྱལ་བའི་ཡུལ” དུ་བསྒྱུར་རྒྱུ་ཡིན་ལུགས་བཤད་པའི་ཐད།

ཟླ6ཚེས27ཉིན་གྱི་ཕྱི་དྲོ། རྒྱལ་སྲུང་པུའུ་ཡིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲུང་པུའི་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏཱ་ཞའོ་ཝུའུ་ཆན་གྱིས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

གསར་འགོད་པས་དྲིས་དོན། ཨ་རིའི་རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་སྤྱི་ཁྱབ་པུའུ་ཡི་དམག་སྤྱི་ཡིས། ཨ་དམག་གིས་“དམྱལ་བའི་ཡུལ་”དུ་བསྒྱུར་རྒྱུའི་འཆར་གཞི་ཞིག་ལག་བསྟར་བྱས་ནས་མི་མེད་གནམ་གྲུ་དང་། མི་མེད་གྲུ་གཟིགས། མི་མེད་ཆུར་འཛུལ་ཡོ་བྱད་བཅས་གཞི་ཁྱོན་ཆེན་པོར་སྤྱད་དེ་ཐའེ་ཝན་མཚོ་འགག་དམྱལ་བའི་ཡུལ་དུ་བསྒྱུར་ནས་“ཀྲུང་གོའི་སྐམ་ས་ཆེ་མོས་རྒོལ་བར་”ཐད་ཁ་གཏད་འཇལ་རྒྱུ་ཡིན་ཞེས་བཤད་པ་རེད། ཉེ་ཆར་ཨ་རིའི་མཚོ་དམག་གསར་འགྱུར་དྲ་ཚིགས་སུ་འཆར་གཞི་དེའི་ཐད་གསལ་བཤད་ཀྱང་ཞིབ་ཕྲ་བྱས་ཡོད་པ་རེད། མགྲིན་ཚབ་པས་འདིར་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡིན་ནམ་ཟེར།

ཝུའུ་ཆན་གྱིས། གཞན་གྱི་ཁྱིམ་གཞིས་དམྱལ་ཁམས་སུ་བསྒྱུར་རྒྱུའི་སྐད་ཅོར་རྒྱག་མཁན་དེ་དག་གིས་ཐོག་མར་རང་ཉིད་དམྱལ་ཁམས་སུ་འགྲིམས་རྒྱུའི་གྲ་སྒྲིག་ཡག་པོར་བྱེད་དགོས། ཨ་རི་ཕྱོགས་ཀྱི་མི་ཁ་ཤས་ཀྱིས་“ཐའེ་ཝན་ལ་བརྟེན་ནས་ཀྲུང་གོ་ཚོད་འཛིན་”བྱེད་ཆེད་ཐའེ་ཝན་མཚོ་འགག་དེ་ཕངས་མེད་“དམྱལ་བའི་ཁམས་སུ་”བསྒྱུར་འདོད་ཆེན་པོ་བྱེད་ཀྱི་ཡོད་པ་འདིའི་ཐོག་ནས་“ཐའེ་ཝན་རང་བཙན་པས་“ཨ་རིར་བརྟེན་ནས་རང་བཙན་དོན་གཉེར་”བྱེད་སེམས་འཆང་བའི་མཐར་“ལག་ཆར་”བརྩིས་ནས་“འདོར་བྱར་”འགྱུར་བའི་ལས་དབང་ལས་ཐར་ཐབས་བྲལ་བ་ཡང་བསྐྱར་གསལ་པོར་མཚོན་ཡོད།

ཐའེ་ཝན་ནི་ཀྲུང་གོར་དབང་བས། ཀྲུང་གོ་ཁ་ཕྲལ་དུ་བཏང་མི་ཆོག རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་རྒོལ་ལན་སྤྲོད་རྒྱུའི་ཐད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་སྔ་ཕྱི་བར་གསུམ་དུ་དམག་འཁྲུག་དྲག་པོ་རྒྱག་ཕོད་ཅིང་རྒྱལ་ཁ་ལོན་ཐུབ་ཀྱིན་ཡོད། འགའ་རེས་འཇིགས་སྐུལ་དང་འཇིགས་རྔམ་སློང་བར་ང་ཚོ་ནམ་ཡང་སྐྲག་མི་སྲིད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号