ཕཱ་ཁི་སི་ཐན་གྱི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ཡིས་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་གཟེངས་བསྟོད་བྱས།

ཕཱ་ཁི་སི་ཐན་གྱི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ཅི་ལཱ་ནེ་ཡིས་ཉེ་སྔོན་དབྱི་སི་ལན་པའོ་ནས་བཤད་རྒྱུར། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱིས་རྒྱུན་མཐུད་དཔལ་འབྱོར་འཕར་སྣོན་སྲུང་འཛིན་བྱས་པའི་ཞོར་དུ་ཁོར་ཡུག་གི་རྒྱུན་མཐུད་འཕེལ་རྒྱས་གཙོར་འཛིན་པར་བསམ་བློ་བཏང་སྟེ་ཕཱ་ཁི་སི་ཐན་གྱི་འཕེལ་རྒྱས་ཐད་འགྱུར་ལྡོག་འབྱུང་དུ་བཅུག་ཡོད་ཟེར།

ཅི་ལཱ་ནེ་ཚེས28ཉིན་ཕཱ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་མཐུན་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྙན་ཞུ་སྤེལ་བའི་མཛད་སྒོར་ཞུགས་སྐབས་བསྟན་དོན། ཕཱ་ཁི་སི་ཐན་དངང་ཀྲུང་གོའི་བར་མཛའ་མཐུན་གྱི་ལོ་རྒྱུས་རྒྱུན་རིང་ཞིང་ནམ་ཡང་འགྱུར་བ་བྱུང་མྱོང་མེད། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་དེ་འཕེལ་རྒྱས་དུས་རིམ་གསར་བར་བསྐྱད་པར་རྒྱབ་སྐྱོར་བྱེད་པ་ནི་ཕཱ་ཁི་སི་ཐན་གྱི་ཏང་ཁག་བརྒལ་བའི་ཐུན་མོང་ལྟ་ཚུལ་དང་དམ་བཅའ་ཡིན། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་མགོ་བརྩམས་པའི་ཚུན་ལ་འཕེལ་རྒྱས་མགྱོགས་པོ་་བྱུང་ནས། དངུལ་གཏོང་དང་ལག་རྩལ་ཤེས་བྱའི་མཉམ་སྤྱོད། ནུས་པ་མཐོར་འདེགས་དང་རྩལ་ནུས་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་གྱུར་ཡོད་པ་དང་། ཕཱ་ཁི་སི་ཐན་ལ་དངུལ་གཏོང་ཐོབ་པ་དང་བྱ་བའི་ལས་གནས་མང་བོ་གསར་བསྐྲུན་ཐུབ་པ་ཡིན། ཕཱ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ལྷད་མེད་ནུས་ཁུངས་འཆར་གཞི་དང་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལྷད་མེད་ཀྱི་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ལས་གཞི་དེས་ཕཱ་ཁི་སི་ཐན་གྱི་ཁོར་ཡུག་སྲུང་སྐྱོབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་ཆེན་པོ་འདོན་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

ཕཱ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་དབྱང་ཀོང་ཡོན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོའི་ཁེ་་ལས་དག་ཐོག་མཐའ་བར་གསུམ་དུ་ཕཱ་ཁི་སི་ཐན་རྒྱལ་ཁབ་དང་མཉམ་དུ་འཚར་ལོངས་འབྱུང་བཞིན་ཡོད་པ་དང་། ཕཱ་ཁི་སི་ཐན་མི་དམངས་དང་མཉམ་དུ་དཔལ་འབྱོར་དང་སྤྱི་ཚོགས། བརྩེ་བ་བཅས་ཐད་ནད་འབྲེལ་འདྲིས་དམ་ཟབ་བྱེད་བཞིན་ཡོད་ལ། ཀྲུང་གོ་དང་ཕཱ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་ལེགས་འགྲུབ་ཆེན་པོ་འབྱུང་བར་ཁག་ཐེག་བྱེད་དགོས་ཟེར།

ཕཱ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་ཝང་ཡའོ་ཧྭ་ཡིས་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་དེས་ཕཱ་ཁི་སི་ཐན་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱས་པར་མ་ཟད། ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད། མ་འོངས་པར་ཕཱ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་མཐུན་ཚོགས་ཀྱིས་འགན་འཁྲི་སྔར་ལས་ཆེན་པོ་ཁུར་དུ་བླངས་ནས། སྤུན་ཟླའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号