མཚོ་སྔོན་པོར་ཚན་ཞིབ་ལྟ་ཞིབ་ཚད་ལེན་གྱི་ཚ་རླབས་འཕྱུར།

རྒྱལ་སྟོན་གུང་གསེང་གི་སྐབས་སུ། མཚོ་སྔོན་པོའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལ་བརྟེན་ནས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད།     དེ་དང་ཆབས་ཅིག མདོ་དབུས་མཐོ་སྒང་དུ་འོད་ཆེམ་ཆེམ་འཕྲོ་བའི་མུ་ཏིག་དེའི་དམིགས་བསལ་གྱི་སྐྱེ་ཁམས་གནས་བབ་དང་མངོན་པར་གསལ་བའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་ལ་བརྟེན་ནས། རྒྱལ་ནང་གི་ཚན་ཞིབ་ཁང་གྲགས་ཅན་གྱི་ཡིད་དབང་བཀུག་པ་མ་ཟད་མཚོ་སྔོན་པོའི་བཞུར་ཡུལ་དུ་རྒྱལ་ཁབ་ཀྱི་ཚན་ཞིབ་ལས་གཞི་གལ་ཆེན་མང་པོ་སྤེལ་བ་དང་། མཚོ་སྔོན་པོའི་ཚན་ཞིབ་ལྟ་ཞིབ་ཚད་ལེན་གྱི་ཚ་རླབས་ཤིག་འཕྱུར་དུ་བཅུག

མཚོ་སྔོན་པོའི་ས་བབ་དམིགས་བསལ་ཡིན་པ་དང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་ཞིབ་འཇུག་ལ་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ཆ་རྐྱེན་བསྐྲུན་ཡོད།     ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད།    མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་ཐོབ་པས་མཚེའུ་ཡི་ཆུའི་སྤུས་ཚད་དྭངས་ཤིང་གཙང་བ་དང་།    བརླན་སར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ།    སྐྱེ་དངོས་ཀྱི་སྣ་མང་རང་བཞིན་མངོན་གསལ་སྒོས་མཐོར་འདེགས་སུ་ཕྱིན་ནས“རྩྭ་དང་ཆུ་བོ།    མཚེའུ།    ཉ།    འདབ་ཆགས།    རི་དྭགས་བཅས”འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་ཕྲེང་འབྲེལ་བཟང་པོ་ཞིག་ཆགས་ནས། སྐྱེ་ཁམས་མ་ལག་གི་རྣམ་པ་བརྟན་པོ་དང་སྐྱེ་ཁམས་ནུས་པ་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད།     དགེ་མཚན་ལྡན་པའི་འགྱུར་ལྡོག་རབ་དང་རིམ་པས་མཚོ་སྔོན་པོའི་སྐྱེ་ཁམས་རིན་ཐང་ཆེ་རུ་ཕྱིན་པ་མ་ཟད།    མཚོ་སྔོན་པོའི་ཐུན་མོང་མ་ཡིན་པའི་ཚན་ཞིབ་ཀྱི་སྦས་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད།

ཟླ་བརྒྱད་པའི་ཟླ་མཇུག་བར་དུ།    ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དང་།    ཆུ་སྐྱེས་སྐྱེ་དངོས་ཞིབ་འཇུག་ཁང་།    སྲོག་ཆགས་ཞིབ་འཇུག་ཁང་།    ཧྲན་ཞི་ཞིང་ཆེན་སྲོག་ཆགས་ཞིབ་འཇུག་ཁང་བཅས་དང་།    ཆིན་ཧྭ་སློབ་ཆེན་དང་།    ཀྲུང་ཧྲན་སློབ་ཆེན།    ནན་ཅིང་སློབ་ཆེན།    ཧི་ནན་སློབ་ཆེན། པེ་ཅིང་དགེ་ཐོན་སློབ་ཆེན་སོགས་ཚན་ཞིབ་ཁང10ལྷག་ཙམ་དང་།    སྐྱེ་ཁམས་ཁོར་ཡུག་པུའུ་དང་རྒྱལ་ཁབ་ནགས་རྩྭ་ཅུའུ་སོགས་རྒྱལ་ཁབ་པུའུ་ཨུའི་ཁོངས་གཏོགས་རྒྱལ་ཁབ་ཞིབ་འཇུག་ལས་ཁུངས་དང་དེ་མིན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་དང་།    སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས།    ཞིང་ཆེན་ས་གཤིས་རྩད་ཞིབ་ཁང་ལྔ་པ།    ཞིང་ཆེན་ཉ་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་སོགས་ལས་ཁུངས་ཀྱི་མིག་ཟུང་གཅིག་རྗེས་གཉིས་མཐུད་དུ་མཚོ་སྔོན་པོར་ཕྱོགས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཞིབ་འཇུག གནམ་གཤིས་འགྱུར་ལྡོག་སོགས་མདུན་གྲས་ཁྱབ་ཁོངས་ལ་དམིགས་ཏེ། གཏིང་ཟབ་ལ་ཞིབ་ཚགས་ཡིན་པའི་ཚན་ཞིབ་བྱ་བ་རབ་དང་རིམ་པ་སྤེལ།     ཚན་ཞིབ་བྱ་འགུལ་དེ་དག་གིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚན་རིག་ཅན་གྱི་ཆུ་ཚད་ལ་སྐུལ་འདེད་བཏང་བ་མ་ཟད།    མཚོ་སྔོན་པོའི་རྩ་ཆེའི་གཞི་གྲངས་ཐོན་ཁུངས་ཀྱང་བསགས་ཡོད་ལ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཆེད་དུ་མཚོ་སྔོན་པོའི་ལག་ལེན་ཉམས་མྱོང་དང་དཔེ་སྟོན་ཡང་འདོན་སྤྲོད་བྱས།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་མཚོ་སྔོན་པོའི་བརླན་སའི་སྐྱེ་ཁམས་མ་ལག་གི་རྒྱལ་ཁབ་གཏན་གནས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་དང་། ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་པོའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས། ཀྲུང་གོ་ཚན་རིག་གླིང་ཆུ་སྐྱེས་སྐྱེ་དངོས་ཞིབ་འཇུག་ཁང་མཚོ་སྔོན་པོའི་མཐོ་སྒང་མཚེའུ་དང་བརླན་སའི་སྐྱེ་ཁམས་ཁོར་ཡུག་ཚན་རིག་ལྟ་ཞིབ་ཚད་ལེན་གྱི་ཕྱི་རོལ་ས་ཚིགས་སོགས“ས་ཚིགས་གསུམ”གྱི་ཚན་ཞིབ་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ། ཚན་ཞིབ་མཉམ་ལས་དང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཚན་ཞིབ་ལྟ་ཞིབ་ཚད་ལེན་གྱི་ནུས་པ་ཆེ་རུ་གཏོང་བ། ཧུར་ཐག་གིས་ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་བཅས་བྱས་ཏེ་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号