སུའུ་ཏན་གྱི་གདོང་ཐུག་གསར་པའི་ཁྲོད་བྱིས་པ་400ལྷག་ཤི་རྨས་བྱུང་བ།

ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས3ཉིན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་དབུས་ཤར་ས་ཁུལ་དང་ཨ་ཧྥེ་རི་ཁ་བྱང་མའི་ས་ཁོངས་ཀྱི་ཀྲུའུ་རེན་ཨ་ཏེའར·ཁོའོ་ཏེའར་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་ཅིག་སྤེལ་ནས་བསྟན་དོན། སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། སུའུ་ཏན་ནུབ་རྒྱུད་ཀྱི་ཏའར་ཧྥུའར་བྱང་མ་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་ཧྥ་ཞིའར་གྲོང་ཁྱེར་གྱི་དབྱི་སི་ལན་གྱི་ཆོས་ཁང་ཞིག་ལ་ཚེས1ཉིན་མི་མེད་གནམ་གྲུས་མཁའ་ཐོག་འཇབ་རྒོལ་བྱས་ནས། ཉུང་མཐར་ཡང་ཟླ་བ18ཅན་གྱི་ཕྲུ་གུ་དམར་འབྱར་གཅིག་ཚུད་པའི་བྱིས་པ8རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་བྱིས་པ9ལ་རྨས་སྐྱོན་ཕོག་ཡོད་པ་རེད། དབྱི་སི་ལན་གྱི་ཆོས་ཁང་དེ་སྡེ་ཁུལ་གྱི་ཐབ་ཚང་ཡིན་པའི་ངོས་ནས་ས་གནས་དེ་གའི་བྱིས་པ་དང་ཁོང་ཚོའི་ཁྱིམ་ཚང་ལ་བཟའ་བཅའ་མཁོ་འདོན་བྱེད་ཀྱི་ཡོད། 

ད་ལོའི་ཟླ5པར་ཧྥ་ཞིའར་གྲོང་ཁྱེར་དུ་རེས་སྐོར་གསར་པའི་གདོང་ཐུག་ཐོན་པ་ནས་བཟུང་། ས་གནས་དེ་གའི་བྱིས་པ400ལྷག་ཙམ་ལ་རྨས་སྐྱོན་ཕོག་པའམ་ཡང་ན་རྐྱེན་ལམ་དུ་ཤོར་ཡོད། ཁོའོ་ཏེའར་གྱིས་ངེས་པར་དུ་བྱིས་པར་གནོད་འཚེ་གཏོང་མཚམས་འཇོག་དགོས་པ་དང་། སུའུ་ཏན་གྱི་གདོང་ཐུག་ཕྱོགས་ཁག་གིས་སྤྱོད་གོ་ཆོད་པའི་བྱེད་ཐབས་སྤྱད་དེ། འཕྲལ་མར་བྱིས་པར་སྲུང་སྐྱོང་བྱེད་པ་དང་མང་ཚོགས་དང་མང་ཚོགས་ཀྱི་ཁང་ཁྱིམ། དེ་བཞིན་མི་འབོར་རུབ་འདུས་ཆེ་བའི་ས་ཁོངས་བཅས་ལ་འཇབ་རྒོལ་བྱེད་མཚམས་འཇོག་དགོས་པའི་རེ་འབོད་བྱས་པ་རེད།

དེའི་གོང་སུའུ་ཏན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས1ཉིན་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེས་མི་མེད་གནམ་གྲུ་བཏང་ནས་ཧྥ་ཞིའར་གྲོང་ཁྱེར་དབུས་རྒྱུད་ཀྱི་དབྱི་སི་ལན་གྱི་ཆོས་ཁང་ཞིག་ལ་འཇབ་རྒོལ་བྱས་པའི་རྐྱེན་གྱིས་བྱིས་པ་ཚུད་པའི་མི8རྐྱེན་ལམ་དུ་ཤོར་བ་དང་མི12ལ་རྨས་སྐྱོན་ཕོག་ཡོད་པ་རེད། 

ཟླ5པའི་ཚེས10ཉིན་ནས་བཟུང་། སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེས་ཏའར་ཧྥུའར་བྱང་མ་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་ཧྥ་ཞིའར་ལ་སྐོར་རྒོལ་བྱེད་འགོ་ཚུགས་པ་དང་། སུའུ་ཏན་དྲག་ཆས་དཔུང་སྡེས་ས་གནས་དེ་གའི་མནའ་འབྲེལ་གྱི་ས་གནས་དྲག་ཆས་དང་མཉམ་འབྲེལ་བྱས་ནས་ཕར་རྒོལ་བྱས་པ་རེད། ཟླ་བ་གཅིག་ལྷག་གི་རིང་ལ། ཧྥ་ཞིའར་གྲོང་ཁྱེར་གྱི་གནས་བབ་མུ་མཐུད་ཇེ་སྡུག་ཏུ་ཕྱིན་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号