སི་ཕན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་པཱ་ཞི་རུ་བྲེལ་མྱུར་ངང་སར་བབས་པ་དང་ཉུང་མཐར་ཡང་མི་སུམ་ཅུར་རྨས་ཕོག

པཱ་ཞིའི་ནཱ་ཐཱ་ཨར་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་ཟླ7པའི་ཚེས1ཉིན་སྤྱི་སྒྲོག་སྤེལ་ཏེ། སི་ཕན་ནས་ཝུ་ར་ཀུའེ་རུ་འཕུར་བའི་གནམ་གྲུ་ཞིག་ཉིན་དེའི་ཞོགས་པར་པཱ་ཞིའི་བྱང་ཤར་ཕྱོགས་ཀྱི་ནཱ་ཐཱ་ཨར་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བྲེལ་མྱུར་ངང་བབས་པ་དང་། ཉུང་མཐར་ཡང་འགྲུལ་བ་སུམ་ཅུར་རྨས་ཕོག་ཡོད་ཟེར།

ནཱ་ཐཱ་ཨར་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་བཤད་རྒྱུར། གནམ་གྲུ་དེ་ནི་སི་ཕན་གྱི་ཨིག་ལོ་པཱ་མཁའ་འགྲུལ་ཀུང་ཟིར་གཏོགས་པ་དང་། འགྲུལ་བ་སུམ་བརྒྱ་དང་ཉེར་ལྔ་དྲུད་ཡོད། སི་ཕན་གྱི་མཱ་ཏི་ལི་ནས་ལམ་དུ་ཆས་ནས། ཝུའུ་ར་ཀུའེ་ཡི་རྒྱལ་ས་མིན་ཏི་ཝེ་ཏི་ཡཱ་རུ་འཕུར་བཞིན་ཡོད། ཟླ7པའི་ཚེས1ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་དང་སྐར་མ་སོ་གཉིས་སྟེང་། གནམ་གྲུ་དེ་རླུང་རྒྱུན་དྲག་པོ་དང་འཕྲད་ནས་གནམ་གྲུ་ཐང་དེར་བྲེལ་མྱུར་ངང་འབབ་དགོས་པའི་རེ་ཞུ་བཏོན།

ནཱ་ཐཱ་ཨར་ས་དེའི་སྨན་བཅོས་མྱུར་སྐྱོབ་ལས་ཁུངས་ཀྱིས་ཉུང་མཐར་ཡང་འགྲུལ་བ་སུམ་ཅུ་ལྷག་ལ་གསོ་བཅོས་བྱས་པ་དང་། མི་བཅུ་ལྷག་ས་དེའི་སྨན་ཁང་དུ་བསྐྱལ་ཡོད་པ་ཁས་ལེན་བྱས། རྨས་མ་མང་ཆེ་བའི་མགོར་རྨས་ཕོག་ཡོད་པ་དང་། མི་ལ་ལའི་སྐེ་རུས་རྫོགས་ཡོད་པར་མ་ཟད། ངོ་གདོང་དང་བྲང་ཁར་རྨས་ཕོག་པའང་ཡོད་ཟེར།

ཨིག་ལོ་པཱ་མཁའ་འགྲུལ་ཀུང་ཟིས་གསལ་སྒྲོག་སྤེལ་ཏེ། གནམ་གྲུ་དེ་རླུང་རྒྱུན་དྲག་པོར་འཕྲད་པའི་དབང་གིས་བདེ་འཇགས་ལ་བསམ་བློ་བཏང་སྟེ་ནཱ་ཐཱ་ཨར་དུ་འཕུར་བ་ཡིན་པ་དང་། འགྲུལ་བ་བདུན་ལ་ཚད་མི་འདྲ་བའི་རྨས་ཕོག་ཡོད་པས་གསོ་བཅོས་བྱེད་དགོས་ལ། འགྲུལ་བ་མང་བོར་རྨས་ཡང་མོ་ཕོག་ཡོད་ཟེར། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号