ཟླ་བའི་ས་རྒྱུ་ལས་སླར་ཡང་ཤེས་རྟོགས་གསར་པ་བྱུང་འདུག

ལོ་གསུམ་རིང་ཞིབ་འཇུག་གཏིང་ཟབ་དང་ར་སྤྲོད་ཡང་ཡང་བྱས་པ་བརྒྱུད། ཀྲུང་གོ་ཚན་རིག་ཁང་གི་ཚན་ཞིབ་ཚོགས་པས་ཟླ་བའི་ལྷ་མོ་ཨང་ལྔ་པའི་ཟླ་བའི་ས་རྒྱུ་ལས་གསར་རྙེད་གསར་པ་བྱུང་བ་དང་། ཟླ་བའི་ས་རྒྱུ་སྤྱད་དེ་ཆུ་འབོར་ཆེན་ཐོན་སྐྱེད་བྱེད་པའི་བྱ་ཐབས་གསར་པ་རྙེད་པ་རེད།

ཚན་རིག་ཞིབ་འཇུག་ཚོགས་པས་ཚོད་ལྟ་འབོར་ཆེན་བྱས་པ་བརྒྱུད། ཟླ་བའི་ས་རྒྱུ་གཏེར་དངོས་ལ་ཉི་མའི་རླུང་གིས་ལོ་ངོ་དུང་ཕྱུར་མང་པོ་ཁྱབ་འགྱེད་བྱུང་བའི་དབང་གིས་ཆིང་འབོར་ཆེན་གསོག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཚ་སྣོན་བྱས་རྗེས། ཆིང་དང་གཏེར་དངོས་ཁྲོད་ཀྱི་ལྕགས་དབྱང་འགྱུར་རྫས་གཉིས་རྫས་འགྱུར་འབྱུང་བྱུང་སྟེ། རྒྱུ་རྐྱང་ལྕགས་དང་ཆུ་འབོར་ཆེན་གྲུབ། དྲོད་ཚད1000℃ཡན་ལ་སླེབས་སྐབས། ཟླ་བའི་ས་རྒྱུ་ཞུན་པ་དང་། འགྱུར་འབྱུང་ལས་གྲུབ་པའི་ཆུ་དེ་ཆུ་རླངས་ཀྱི་རྣམ་པས་ཕྱིར་གཏོང་བྱེད་ཐུབ། ཟླ་བའི་ས་རྒྱུ་ཏུན1ལ་ཆུ་སྟོང་ཁེ51ནས76ཙམ་འབྱུང་ཐུབ། དེ་ནི་ཤེལ་དམ་ཧོ་ཧྲེན500ཅན་གྱི་ཤེལ་དམ100ལྷག་ཙམ་དང་མཚུངས།   ད་ལམ་ཚན་ཞིབ་ཚོགས་པས་ར་སྤྲོད་ཀྱི་ཇུས་གཞི་དང་སྒྲིག་ཆས་ཇུས་འགོད་བྱེད་བཞིན་ཡོད་པས། སྔོན་དཔག་བྱས་ན་ཟླ་བའི་ལྷ་མོ་ཨང་རྟགས་བརྒྱད་པ་དང་མཉམ་དུ་ཟླ་བའི་གོ་ལའི་ཐོག་འབྲེལ་ཡོད་ཚོད་ལྟ་བྱེད་མགྱོགས་ཤོས་སམ་ཡང་ན་ཟླ་བའི་གོ་ལའི་ཚན་ཞིབ་ས་ཚིགས་འཛུགས་སྐྲུན་དང་དེ་བཞིན་མཁའ་དབྱིངས་འཚོལ་ཞིབ་བྱ་རྒྱུར་ཕྱོགས་མང་པོའི་ཐད་ཀྱི་འདེགས་སྐྱོར་མཁོ་འདོན་ཐུབ་རེ་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号