ཨུ་རུ་སུ་དང་ཡུག་རེན་གྱིས་སླར་ཡང་བཟུང་དམག་བརྗེ་རེས་བྱས། 

ས་གནས་དེ་གའི་དུས་ཚོད་ཚེས24ཉིན་ཨུ་རུ་སུའི་རྒྱལ་སྲུང་པུས་བརྡ་ཁྱབ་བཏང་ནས། ཨུ་རུ་སུ་ཕྱོགས་དང་ཡུག་རེན་ཕྱོགས་ཀྱིས་བཟུང་དམག་མི་སྣ115བརྗེ་རེས་བྱས་ཡོད་ཅེས་འཁོད་ཡོད་པ་རེད། ད་ལམ་བརྗེ་རེས་བྱས་པའི་ཨུ་རུ་སུ་ཕྱོགས་ཀྱི་མི་སྣ་བྷེ་ཨུ་རུ་སུའི་མངའ་ཁོངས་སུ་ཡོད་པ་རེད།

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ཨུ་རུ་སུ་ཕྱོགས་ཀྱི་མི་སྣ115ཁུར་སི་ཁེ་ཁུལ་ནས་བཟུང་ཡོད་ཚུལ་བཤད་པ་དང་། ཨ་རབ་ཚོ་དཔོན་རྒྱལ་ཁབ་ཀྱིས་ད་ཐེངས་ཀྱི་བརྗེ་རེས་ལ་རོགས་རམ་བྱས། ཉིན་དེར་ཡུག་རེན་རྒྱལ་སྲུང་པུའུ་ཡིས་བཟུང་དམག115ཨུ་རུ་སུ་ནས་ཡུག་རེན་དུ་ཕྱིར་ལོག་བྱས་ཡོད་ལུགས་བཤད། དེའི་ནང་ཡུག་རེན་རྒྱལ་དམངས་ཉེན་སྲུང་རུ་ཁག་དང་། དྲག་ཆས་དཔུང་སྡེ། མཚོ་དམག རྒྱལ་ཁབ་མཐའ་སྲུང་ཅུས་བཅས་ཀྱི་དམག་མི་ཚུད་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号