ཅིན་ཀྲིན་ཨུན་གྱིས་ཁྲའོ་ཞན་གྱི་མི་མེད་གནམ་གྲུའི་བྱེད་ནུས་ཚོད་ལྟ་བྱེད་པའི་ཡུལ་དངོས་ནས་ཁྲིད་སྟོན་གནང་བ།

ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས26ཉིན་སྤེལ་བའི་གསར་འགྱུར་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨུན་གྱིས་ཚེས24ཉིན་ཁྲའོ་ཞན་རྒྱལ་སྲུང་ཚན་རིག་སློབ་གླིང་མི་མེད་གནམ་གྲུ་ཞིབ་འཇུག་སའོ་ཡིས་རྩ་འཛུགས་བྱས་པའི་མི་མེད་གནམ་གྲུའི་བྱེད་ནུས་ཚོད་ལྟ་བྱེད་པའི་ཡུལ་དངོས་ནས་ཁྲིད་སྟོན་གནང་བ་རེད། 

གསར་འགྱུར་ནང་། ཅིན་ཀྲིན་ཨུན་གྱིས་ཞིབ་འཇུག་སའོ་དེས་ཉེ་ཆར་ཞིབ་འཇུག་བྱས་པའི་མི་མེད་གནམ་གྲུ་ལ་རྒྱུས་ལོན་བྱས་ཤིང་། མི་མེད་གནམ་གྲུ་འདི་རིགས་ཀྱིས་སྐམ་ས་དང་མཚོ་ངོས་ཀྱི་དགྲ་བོའི་དམིགས་འབེན་གཏོར་བའི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་། ཚོད་ལྟ་བྱེད་སྐབས། རིགས་མི་གཅིག་པའི་མི་མེད་གནམ་གྲུ་རྣམས་བགྲོད་ལམ་མི་གཅིག་པ་གཏན་ཁེལ་བྱས་ནའང་དམིགས་འབེན་འཚོལ་བའམ་ཕམ་གཏོར་བྱེད་པ་ཡང་དག་ཡིན་པར་བཤད།

གསར་འགྱུར་ནང་བཤད་རྒྱུར། ཅིན་ཀྲིན་ཨུན་གྱིས་རིགས་མི་གཅིག་པའི་མི་མེད་གནམ་གྲུ་གསར་སྤེལ་བྱ་རྒྱུ་དང་བྱེད་ནུས་མཐོར་འདེགས་སུ་གཏོང་རྒྱུ་ནི་འཐབ་འཁྲུགས་ལ་ལྟ་གོན་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཚུལ་བསྟན་པ་མ་ཟད། ཁོས་མི་མེད་གནམ་གྲུ་ཞིབ་འཇུག་དང་ཐོན་སྐྱེད། འཐབ་འཛིང་གི་ནུས་པར་ཚོད་ལྟ་བྱེད་ཤུགས་ཆེ་རུ་བཏང་སྟེ། མགྱོགས་མྱུར་སྒོས་མི་དམངས་དམག་གི་དམག་དཔུང་སྒྲིག་འཛུགས་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号