དབྱི་རན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་གོ་དང་དབྱི་རན་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར53ལོན་པའི་རྟེན་འབྲེལ་བྱ་འགུལ་སྤེལ་བ།

ཉིན་ཤས་སྔོན་ལ། དབྱི་རན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ་སྣེ་ལེན་ཚོགས་འདུ་འཚོགས་ནས་ཀྲུང་གོ་དང་དབྱི་རན་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར53ལོན་པར་རྟེན་འབྲེལ་ཞུས། དབྱི་རན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཚུང་ཕེ་ཝུའུ་དང་དབྱི་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་པུའུ་ལུའུ་ཅེ་ཏི་སོགས་ཐེངས་འདིའི་བྱ་འགུལ་ནང་ཞུགས།

ཚུང་ཕེ་ཝུའུ་ཡིས་ཤིས་ཚིག་ནང་། ཀྲུང་གོ་དང་དབྱི་རན་བར་ཕྱི་འབྲེལ་བཙུགས་པའི་ལོ་ངོ53རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 2016ལོར་ཀྲུང་གོ་དང་དབྱི་རན་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ནས་ཀྲུང་གོ་དང་དབྱི་རན་བར་གྱི་འབྲེལ་བ་ལེའུ་གསར་པ་ཞིག་གི་མགོ་ཚུགས་པ་རེད། དབྱི་རན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་སྒྲིག་གཞི་ནང་ཞུགས་པ་དང་ལྷན་དུ་ཀྲུང་གོ་དང་དབྱི་རན་བར་གྱི་ཕྱོགས་མང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ལ་སྔར་བས་སྐུལ་སྤེལ་གཏོང་རྒྱུ་ཡིན་ཅེས་གསུངས་པ་རེད།

པུའུ་ལུའུ་ཅེ་ཏི་ཡིས། དབྱི་རན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་ཕན་ཚུན་འཚམས་འདྲི་བྱེད་མང་བ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོ་སོགས"གྲོགས་པོ་རྙིང་པ"བར་གྱི་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་ནི་དབྱི་རན་སྲིད་གཞུང་གསར་པའི་ཕྱི་འབྲེལ་སྲིད་ཇུས་ཀྱི་སྔོན་འགྲོའི་བྱེད་ཐབས་གྲས་ཤིག་ཡིན། དབྱི་རན་གྱིས་མཛའ་གྲོགས་རྒྱལ་ཁབ་ལ་འཛིན་པའི་སྲིད་ཇུས་ནི་ཧ་ཅང་ཁ་གསལ་ཡིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་རྒྱུ་ཡིན་ཚུལ་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号