ཨ་སའེ་པའེ་ཅང་གི་སྲིད་སྐྱོང་ཏང་ལ་གྲོས་ཚོགས་འདེམས་བསྐོ་ཁྲོད་རྒྱལ་ཁ་ཐོབ་པ།

ཟླ9པའི་ཚེས2ཉིན་གྱི་ཐོ་རེངས་སྐབས། ཨ་སའེ་པའེ་ཅང་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་འདེམས་ཤོག་རགས་རྩིས་མཇུག་འབྲས་ལས་མངོན་པ་ལྟར་ན། སྲིད་སྐྱོང་ཏང་སྟེ་ཨ་སའེ་པའེ་ཅང་ཏང་གསར་པས་ཚེས1ཉིན་བསྡུས་པའི་རྒྱལ་དམངས་གྲོས་ཚོགས་ཀྱི་འདེམས་བསྐོ་ཁྲོད་རྒྱལ་ཁ་ཐོབ་སྟེ་གྲོས་ཚོགས་ཀྱི་གདན་ཐོ་མང་པོ་ཐོབ་ཡོད།

ཨ་སའེ་པའེ་ཅང་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕ་ན་ཧོ་ཧྥུའུ་ཡིས། འདེམས་ཤོག་འཕེན་ས5895ཡི་འདེམས་ཤོག་འཕེན་ཚད91%ལྷག་ལ་བསྡོམས་རྩིས་བྱས་པའི་མཇུག་འབྲས་ལྟར་ན། ཨ་སའེ་པའེ་ཅང་ཏང་གསར་པར་ཉུང་མཐར་ཡང་རྒྱལ་དམངས་གྲོས་ཚོགས་ཀྱི་གདན་ཐོ125ཁྲོད་ཀྱི་གདན་ཐོ68ཐོབ་ཡོད་ལ། ཐེངས་འདིའི་གྲོས་ཚོགས་ཀྱི་འདེམས་ཤོག་འཕེན་ཚད37.27%ཡིན་པ་ཁྱབ་བསྒྲགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号