ཨ་རིའི་མི་ཞི་ཞི་པི་མངའ་སྡེ་རུ་འགྲུལ་འཁོར་ཞིག་ལ་དོན་རྐྱེན་བྱུང་སྟེ་མི7རྐྱེན་ལམ་དུ་ཤོར་བ།

ཟླ8པའི་ཚེས31ཉིན་གྱི་ཐོ་རེངས་སྐབས། ཨ་རིའི་མི་ཞི་ཞི་པི་མངའ་སྡེའི་ཨའོ་ལུང་རྫོང་དུ་འགྲུལ་འཁོར་ཞིག་ལ་དོན་རྐྱེན་བྱུང་སྟེ། མི7རྐྱེན་ལམ་དུ་ཤོར་ཞིང་། མི་བཅུ་ལྷག་ལ་རྨས་སྐྱོན་ཐེབས་པ་རེད།

ཨ་རིའི་སྨྱན་བྱད་ཀྱིས་མི་ཞི་ཞི་པི་མངའ་སྡེའི་གཞུང་ལམ་སྐོར་གཡེང་རུ་ཁག་གིས་སྤེལ་བའི་གནས་ཚུལ་དྲངས་པ་ལྟར་ན། ས་གནས་དེ་གའི་ཆུ་ཚོད་ཐིག་ལེ་དང་སྐར་མ40ཡས་མས་སུ། མི་བཅུ་ཕྲག་འགའ་འདྲུད་པའི་འགྲུལ་འཁོར་ཞིག་ཨའོ་ལུང་རྫོང་གི་པའོ་ཝེ་ན་ཉེ་འཁོར་གྱི་མྱུར་བགྲོད་གཞུང་ལམ་སྟེང་དོན་རྐྱེན་བྱུང་བ་ལས་མི6ཡུལ་དོངས་ནས་རྐྱེན་ལམ་དུ་ཤོར་བ་དང་མི་གཞན་གཅིག་སྨན་ཁང་བསྐྱལ་རྗེས་ཚེ་ལས་འདས་པ་རེད། གཞན་འགྲུལ་བ37ཉེ་འཁོར་གྱི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་འདུག 

ས་གནས་ཉེན་རྟོག་ཕྱོགས་ཀྱིས། ཐེངས་འདིའི་འགྲུལ་འཁོར་དོན་རྐྱེན་ལ་འབྲེལ་ཡོད་སྡེ་ཁག་གིས་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་པར་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号