མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་མི་སྣ་6མཁའ་རྒོལ་ཁྲོད་ཚེ་ལས་འདས།

ས་གནས་དེ་གའི་དུས་ཚོད་ཟླ9པའི་ཚེས11ཉིན་མཉམ་འབྲེལ་རྒྱལ་ཚོགས་ཉེ་ཤར་རྒུད་སྐྱོབ་ལས་གྲྭ་ཁྲུའུ་ཡིས་གསལ་བསྒྲགས་སྤེལ་ནས། ཉིན་དེར་ལས་ཁུངས་དེའི་ལས་དོན་མི་སྣ6ཀ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་ནུའུ་སའེ་ལའེ་ཐེ་ས་ཁུལ་གྱི་སློབ་གྲྭ་ཞིག་དང་དེ་བཞིན་མཐའ་འཁོར་ས་ཁུལ་ལ་མཁའ་ཐོག་འཇབ་རྒོལ་ཐེངས་གཉིས་ཕོག་པའི་ཁྲོད་ཚེ་ལས་འདས་ཡོད་ཅེས་བརྗོད་འདུག 

ཉེ་ཤར་རྒུད་སྐྱོབ་ལས་གྲྭ་ཁྲུའུ་ཡིས་གསལ་བསྒྲགས་ནང་། ཐེངས་འདིའི་ཕ་དབྱི་གདོང་གཏུག་ཐོན་པ་ནས་བཟུང་། ནུའུ་སའེ་ལའེ་ཐེའི་སློབ་གྲྭར་འཇབ་རྒོལ་ཐེངས་ལྔ་ཕོག་པ་དང་། སློབ་གྲྭ་དེས་ཡུལ་གྱར་བ་ཁྲི1.2ཙམ་བསྡུ་ཉར་བྱས་ཤིང་། དེའི་ཁྲོད་ལས་མང་ཆེ་བ་ནི་བུད་མེད་དང་བྱིས་པ་རེད་ཅེས་བརྗོད་ཡོད། 

ཕ་ལེ་སི་ཐན་དབྱི་སི་ལམ་འགོག་རྒོལ་ལས་འགུལ་ཧ་མ་སའི་སྨྱན་སྦྱོར་གཞུང་ལས་ཁང་གིས་ཚེས11ཉིན་གསལ་བསྒྲགས་སྤེལ་ཏེ། དབྱི་སི་རལ་དམག་གིས་ཉིན་དེར་ཀ་ཧྲ་ས་ཁུལ་དབུས་རྒྱུད་ནུའུ་སའེ་ལའེ་ཐེའི་ཡུལ་གྱར་བའི་སྒར་སའི་སློབ་གྲྭ་ཞིག་ལ་འབར་མདེལ་དབྱུགས་པས། ཉུང་མཐར་ཡང་མི18རྐྱེན་ལམ་དུ་བཏང་བ་དང་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号