ཕུའུ་ཅིང་གིས་ཨུ་རུ་སུས་འཐབ་ཇུས་ཀྱི་ཉིང་རྡུལ་སྟོབས་ཤུགས་ཚུད་པའི་མཚོ་དམག་གི་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་རྒྱུ་ཡིན་ཞེས་བཤད།

ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཚེས10ཉིན་བརྙན་ལམ་བརྒྱུད་མིང་ཚབ་ཏུ་ཏཱ་ཡང-2024ལོ་ཞེས་འབོད་པའི་ཨུ་རུ་སུའི་མཚོ་དམག་འཐབ་ཇུས་ནང་སྦྱོང་ལ་ཞུགས་པ་རེད། ཕུའུ་ཅིང་གིས། ཨུ་རུ་སུས་འཐབ་ཇུས་ཀྱི་ཉིང་རྡུལ་སྟོབས་ཤུགས་ཚུད་པའི་མཚོ་དམག་གི་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱུ་ཡིན། ཨུ་རུ་སུ་ཕྱོགས་ནས་མ་ལག་དང་ཁྱོན་ཡོངས་ཀྱི་སྒོ་ནས་དམག་རིགས་ཁག་གོང་འཕེལ་གཏོང་རྒྱུ་དང་ཨུ་རུ་སུའི་དམག་གི་རྒོལ་རྡུང་ནུས་པ་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号