དབྱི་སི་རལ་རྒྱལ་སྲུང་པུའུ་ཀྲང་གིས་དབྱི་སི་རལ་དམག་གིས་དམག་རྒྱག་ས་གཙོ་བོ་དེ་བྱང་རྒྱུད་འཐབ་སར་ཕྱོགས་ཡོད་ཅེས་བཤད།

དབྱི་སི་རལ་རྒྱལ་སྲུང་པུའི་པུའུ་ཀྲང་ཅ་ལན་ཐེས་ས་གནས་དེ་གའི་དུས་ཚོད་ཚེས10ཉིན། དབྱི་སི་རལ་དམག་གིས་ལྷོ་རྒྱུད་ཀ་ཧྲ་ས་ཁུལ་ལྷོ་རྒྱུད་ཀྱི་དམག་འཐབ་ལས་འགན་ལེགས་འགྲུབ་ཐུབ་ལ་ཉེ་པ་དང་། དམག་རྒྱག་ས་གཙོ་བོ་དེ་བྱང་རྒྱུད་འཐབ་སར་སྤོ་སྒྱུར་བྱེད་བཞིན་ཡོད་ཅེས་བཤད།

དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས10ཉིན་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་། དབྱི་སི་རལ་དམག་གིས་ཉེ་དུས་ཀ་ཧྲ་ལྷོ་རྒྱུད་ལ་ཧྥའི་དམག་དོན་འགུལ་སྐྱོད་ཅིག་གི་ནང་ཧ་མ་སིའི་ཐེར་སུའུ་ཏན་དམག་སྒར་གྱི་བཀོད་འདོམས་དཔོན་ཤིག་བསད་ཡོད་ཅེས་བརྗོད། གཞན་ཡང་། དབྱི་སི་རལ་གྱིས་ད་ཐེངས་དམག་དོན་འགུལ་སྐྱོད་ཁྲོད་དུ་ད་དུང་དཔུང་སྡེ་དེའི་ཁོངས་སུ་གཏོགས་པའི་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་བཅུ་ཕྲག་ལྷག་བསད་ཡོད་ཅེས་བཤད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号