ཨ་མེ་རི་ཁའི་དམིགས་བསལ་དམག་དཔུང་གི་ལས་རེས་ཅུའུ་ཡིས་ཐི་ལིང་ཕུའུ་ལ་དམིགས་པའི་ལྐོག་གསོད་གཡོ་ཇུས་ཤིག་ཕམ་ཉེས་སུ་བཏང་།

ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་རྟོག་ཞིབ་ཅུའུ་ཡིས་ཚེས15ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམིགས་བསལ་དམག་དཔུང་གི་ལས་རེས་ཅུའུ་ཡིས་ཉིན་དེའི་ཕྱི་དྲོར་ཧྥོ་ལོ་ལི་ཏཱ་མངའ་སྡེའི་ཤིང་ཏ་ལའི་མཚོ་ཁུགས་ནས་སྔོན་ཆད་ཀྱི་ཙུང་ཐུང་། སྤྱི་མཐུན་ཏང་གི་ཙུང་ཐུང་འདེམ་སྒུག་མི་སྣ་ཐི་ལིང་ཕུའུ་ལ་དམིགས་པའི་ལྐོག་གསོད་གཡོ་ཇུས་ཤིག་ཕམ་ཉེས་སུ་བཏང་། ཐི་ལིང་ཕུའུ་ཡི་བདེ་འཇགས་ཐད་སྐྱོན་ཅི་ཡང་མེད་པ་དང་། དོགས་ཡོད་མི་སྣ་འཛིན་བཟུང་བྱས་ཡོད་ཟེར།

ཨ་མེ་རི་ཁའི་དམིགས་བསལ་དམག་དཔུང་ལས་རེས་ཅུའུ་ཡིས་ཉིན་དེའི་ཕྱི་དྲོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དོན་རྐྱེན་དེ་ནི་ས་དེའི་ཚེས་བཅོ་ལྔ་ཉིན་གྱི་ཉིན་གུང་གི་དུས་ཚོད་གཅིག་དང་སྐར་མ་སུམ་ཅུའི་སྟེང་ཐི་ལིང་ཕུའུ་ཡི་རྒྱལ་ཁབ་ཀའོ་ཨར་ཧྥུའུ་སྤོ་ལོའི་སྤྲོ་སྐྱིད་ཁང་གི་ཉེ་འདབས་ནས་བྱུང་། སྐབས་ཐོག་དེར་ཐི་ལིང་ཕུའུ་ཡིས་ཀའོ་ཨར་ཧྥུའུ་སྤོ་ལོ་རྩེད་བཞིན་ཡོད། དམིགས་བསལ་དམག་དཔུང་ལས་རེས་ཅུའུ་ཡི་མི་སྣས་དོགས་ཡོད་མི་སྣ་གཅིག་གིས་སྤོ་ལོ་ར་བའི་མེ་མདའ་བླངས་ཏེ་ཐི་ལིང་ཕུའུ་ལ་གཏད་ཡོད་པ་ཤེས་རྗེས་མྱུར་མོར་མེ་མདས་བརྒྱབ་ནས་བཀག་འགོག་བྱས་པ་རེད། དེའི་རྗེས་སུ་དོགས་ཡོད་མི་སྣ་རླངས་འཁོར་ལ་བསྡད་དེ་བྲོས་ཀྱང་། ཅང་མ་འགོར་བར་ཉེ་འདབས་ཀྱི་མཱ་ཏེན་རྫོང་ནས་བཟུང་བ་རེད། དོན་རྐྱེན་དེའི་ཁྲོད་མི་སྣར་རྨས་སྐྱོན་ཕོག་མེད།

ཧྥོ་ལོ་ལི་ཏཱ་མངའ་སྡེའི་ཤིང་ཏ་ལའི་མཚོ་ཁུགས་རྫོང་གི་ཉེན་རྟོག་ཅུའུ་ཀྲང་ལི་ཁི་པུའུ་ལཱ་་ཏི་ཞའོ་ཡིས་སྨྱན་བྱད་ལ་བཤད་རྒྱུར། དོགས་ཡོད་ཉེས་ཅན་སྐབས་ཐོག་དེར་ཐི་ལིང་ཕུའུ་དང་བར་ཐག་སྨིད་བཞི་བརྒྱ་ཙམ་ཡོད་པའི་ནགས་གསེང་དུ་སྦས་ཡོད་པ་རེད། ཉེན་རྟོག་ཕྱོགས་ཀྱིས་དེའི་རྗེས་སུ་སོ་མིག་ལྡན་པའི་མེ་མདའ་ཞིག་རྙེད་་པ་དང་། དངོས་སུ་མཐོང་མཁན་གྱིས་འདོན་སྤྲོད་བྱས་པའི་ཁུངས་སྣེ་ལྟར་དུ་མཱ་ཏེན་རྫོང་ནས་འཛིན་བཟུང་བྱས་པ་རེད།

ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་རྟོག་ཞིབ་ཅུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཅུའུ་དེ་ཡིས་ཐི་ལིང་ཕུའུ་ལ་དམིགས་པའི་ལྐོག་གསོད་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

ཐི་ལིང་ཕུའུ་ཡི་འགྲན་རྩོད་རུ་ཁག་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས།ཐི་ལིང་ཕུའུ་བདེ་འཇགས་ཡིན་ཟེར། ཐི་ལིང་ཕུའུ་རང་ཉིད་ཀྱིས་ཀྱང་བསྟན་དོན། ང་ཧ་ཅང་བདེ་འཇགས་ཡིན་ལ།ཧ་ཅང་བཟང་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་ཙུང་ཐུང་གཞོན་པའམ་དམངས་གཙོ་ཏང་གི་ཙུང་ཐུང་འདེམ་སྒུག་མི་སྣ་ཧཱ་ལི་སི་གཉིས་ཀྱིས་དོན་རྐྱེན་དེའི་སྤྱི་སྒྲོག་ལ་ཉན་ཡོད་པ་དང་།  ཧཱ་ལི་སི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས།དྲག་ཤུགས་ལ་ཨ་མེ་རི་ཁར་གནས་སའི་ས་མེད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号