ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་བཟུང་དམག་ཕན་ཚུན་བརྗེ་སྤོར་བྱས།

ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཚེས14ཉིན་བཟུང་དམག་ཕན་ཚུན་བརྗེ་སྤོར་བྱས་པ་དང་། ཕྱོགས་གཉིས་ཀྱིས་སོ་སོར་མི་བརྒྱ་དང་གསུམ་བརྒྱུད་སྤྲོད་བྱས་པ་རེད།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས14ཉིན་བཤད་རྒྱུར། གྲོས་མོལ་བྱས་པ་བརྒྱུད། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱོགས་ལ་ཨུ་རུ་སིའི་ཁུའུ་ཨར་སི་ཁི་མངའ་སྡེ་ནས་བཟུང་བའི་ཨུ་རུ་སིའི་དམག་མི་བརྒྱ་དང་གསུམ་བརྒྱུད་སྤྲོད་བྱས་པ་དང་། དེའི་བརྗེ་སྤོར་ཆ་རྐྱེན་དུ་ཝུའུ་ཁི་ལན་གྱི་བཟུང་དམག་བརྒྱ་དང་གསུམ་ཝུའུ་ཁི་ལན་ཕྱོགས་ལ་བརྒྱུད་སྤྲོད་བྱས་ཡོད་ཟེར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཉིན་དེའི་བཟུང་དམག་བརྗེ་སྤོར་བྱེད་པའི་འགུལ་སྐྱོད་དེ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མི་ཆོས་རིང་ལུགས་ཀྱི་བར་འདུམ་འོག་སྤེལ་བ་རེད། མིག་སྔར་ཐེངས་འདིར་ཕྱིར་བཏང་བའི་ཨུ་རུ་སིའི་བཟུང་དམག་གིས་ཨུ་རུ་སི་དཀར་པོར་དགོས་ངེས་ཀྱི་གསོ་བཅོས་དང་སེམས་ཁམས་རོགས་སྐྱོར་དང་ལེན་བྱེད་བཞིན་ཡོད་པ་དང་། དེའི་རྗེས་སུ་ཨུ་རུ་སིར་བསྐྱལ་རྒྱུ་ཡིན་ལ། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་སྨན་བཅོས་ལས་ཁུངས་ནས་ཁམས་གསོའི་གསོ་བཅོས་དང་ལེན་བྱེད་རྒྱུ་རེད།

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས14ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཕྱིར་བཏང་བའི་ཝུའུ་ཁི་ལན་གྱི་བཟུང་དམག་གྲས་སུ་དམག་དཔོན་ཉེར་གཅིག་ཡོད་ཟེར། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号