ཧིན་རྡུ་ཉི་ཞི་ཡའི་གེ་ལུང་ཏ་ལའོ་ཞིང་ཆེན་གྱི་ཉེ་འཁོར་མཚོ་ཁོངས་སུ་ཚད་རིམ6.4ཅན་གྱི་ས་ཡོམ་བྱུང་བ།

ཟླ9པའི་ཚེས24ཉིན་གྱི་ཐོ་རེངས་སྐབས། ཧིན་རྡུ་ཉི་ཞི་ཡའི་གེ་ལུང་ཏ་ལའོ་ཞིང་ཆེན་གྱི་ཉེ་འཁོར་མཚོ་ཁོངས་སུ་ཚད་རིམ6.4ཅན་གྱི་ས་ཡོམ་བྱུང་ཞིང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་པའི་སྙན་ཞུ་འབྱོར་མེད། 

ཧིན་རྡུ་ཉི་ཞི་ཡའི་གནམ་གཤིས་དང་སའི་གོ་ལ་དངོས་ལུགས་ཅུའུ་ཡི་དྲ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་ས་ཡོམ་ནི་ཡ་ཅ་ཏའི་ཆུ་ཚོད2དང་སྐར་མ 51(པེ་ཅིན་གྱི་ཆུ་ཚོད3དང་སྐར་མ51)སྟེང་བྱུང་ཞིང་། ཡོམ་ལྟེ་ནི་གེ་ལུང་ཏ་ལའོ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཏེ་གེ་ལུང་ཏ་ལའོ་གྲོང་ཁྱེར་ལྷོ་ནུབ་ཀྱི་སྤྱི་ལེ74མཚམས་ཀྱི་མཚོ་ཁོངས་སུ་གནས་ལ། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ145ཡིན་པ་རེད། 

གཞན་ཡང་ཨ་རིའི་ས་གཤིས་བརྟག་དཔྱད་ཅུའུ་ས་ཡོམ་ཆ་འཕྲིན་དྲ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་ས་ཡོམ་གྱི་ཚད་རིམ6.0ཡིན་ལ། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ149.4ཡིན་པ་རེད། 

ཧིན་རྡུ་ཉི་ཞི་ཡ་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཡོམ་རྒྱུད་དུ་གནས་སྟབས། ལོ་རེར་ས་ཡོམ་ཆེ་འབྲིང་ཆུང་གསུམ་ཐེངས་སྟོང་ལྷག་བྱུང་བ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号