ཀྲུང་གོ་དང་ཕོ་ལན་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་རོལ་དབྱངས་འདུ་ཚོགས་ཕོ་ལོན་གྱི་རྒྱལ་ས་ཧྭ་ཧྲ་རུ་སྤེལ་བ།

པར་འདི་ནི་ཟླ9པའི་ཚེས22ཉིན། རོལ་མོ་བས་ཕོ་ལོན་གྱི་རྒྱལ་ས་ཧྭ་ཧྲའི་རྒྱལ་ཁབ་ཨའེ་ཡའེ་རོལ་དབྱངས་ཁང་དུ"བརྗེད་ཐབས་བྲལ་བའི་དབྱངས་རྟ——ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བ་དང་ཀྲུང་གོ་དང་ཕོ་ལན་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་རོལ་དབྱངས་འདུ་ཚོགས"སྟེང་འཁྲབ་སྟོན་བྱེད་པའི་རྣམ་པ་རེད།

ཟླ9པའི་ཚེས22ཉིན། "བརྗེད་ཐབས་བྲལ་བའི་དབྱངས་རྟ——ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བ་དང་ཀྲུང་གོ་དང་ཕོ་ལན་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་རོལ་དབྱངས་འདུ་ཚོགས"ཕོ་ལོན་གྱི་རྒྱལ་ས་ཧྭ་ཧྲའི་རྒྱལ་ཁབ་ཨའེ་ཡའེ་རོལ་དབྱངས་ཁང་དུ་བསྡུས་ཤིང་། ཀྲུང་གོ་དང་ཕོ་ལན་གྱི་སྐུ་མགྲོན400ལྷག་འཁྲབ་སྟོན་ལ་བལྟས། 

པར་འདི་ནི་ཟླ9པའི་ཚེས22ཉིན། རོལ་མོ་བས་ཕོ་ལོན་གྱི་རྒྱལ་ས་ཧྭ་ཧྲའི་རྒྱལ་ཁབ་ཨའེ་ཡའེ་རོལ་དབྱངས་ཁང་དུ"བརྗེད་ཐབས་བྲལ་བའི་དབྱངས་རྟ——ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བ་དང་ཀྲུང་གོ་དང་ཕོ་ལན་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་རོལ་དབྱངས་འདུ་ཚོགས"སྟེང་ཀྲུང་གོའི་གླུ་གར་བྲོ་གར་གླིང་གི་རོལ་མོ་བས་འཁྲབ་སྟོན་བྱེད་པའི་རྣམ་པ་རེད།

ཕོ་ལན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་སུང་ལིན་ཅང་གིས་ཤིས་ཚིག་ཕུལ་སྐབས། ཀྲུང་གོ་དང་ཕོ་ལན་ཚང་མ་རིག་གནས་ཀྱི་རྒྱབ་ཁབ་ཆེན་པོ་ཡིན་ལ། རོལ་དབྱངས་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་བྱེད་ཀྱི་ཟམ་པ་ཡིན་པས་ཀྲུང་ཕོ་བར་མི་ཆོས་རིག་གནས་མཉམ་ལས་བྱེད་པར་སྐུལ་འདེད་དང་དམངས་སེམས་གཅིག་ཏུ་སྦྲེལ་བར་བྱེད་ནུས་གལ་ཆེན་ཐོན་ཡོད། ཀྲུང་གོའི་གླུ་གར་བྲོ་གར་གླིང་གི་རོལ་མོ་བས་ས་ཐག་རིང་པོ་ནས་ཕེབས་ཏེ། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་རོལ་དབྱངས་ཀྱི་གསོལ་སྟོན་གྱ་ནོམ་པ་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། 

ཐེངས་འདིའི་རོལ་དབྱངས་འདུ་ཚོགས་ནི་ཀྲུང་གོ་གླུ་གར་བྲོ་གར་གླིང་མཉམ་སྒྲོག་རོལ་ཚོགས་དང་མི་རིགས་རོལ་ཆ་ཚོགས་པའི་རོལ་མོ་བས་ཞིབ་འདེམས་བྱས་ཤིང་། ཕོ་ལན་རོལ་མོ་བ་དང་མཉམ་འཁྲབ་བྱས་པ་རེད། རོལ་དབྱངས་འདུ་ཚོགས་ལ"ས་གནས་ཀྱི་ཁྱད་ཆོས"དང"བྱིས་དུས་ཀྱི་དྲན་པ""ང་དང་ངའི་མེས་རྒྱལ"བཅས་ཁག་གསུམ་གྱིས་གྲུབ་ལ། དེའི་རིང་། རོལ་མོ་བས《མེ་ཏོག་མཛེས་ཤིང་ཟླ་བ་གོར》དང《ང་རང་ཀྲུང་གོར་དགའ》སོགས་འཁྲབ་སྟོན་བྱས་པར་ལྟད་མོ་བས་དགའ་བསུ་ཆེན་ཐོབ། 

པར་འདི་ནི་ཟླ9པའི་ཚེས22ཉིན། རོལ་མོ་བས་ཕོ་ལོན་གྱི་རྒྱལ་ས་ཧྭ་ཧྲའི་རྒྱལ་ཁབ་ཨའེ་ཡའེ་རོལ་དབྱངས་ཁང་དུ"བརྗེད་ཐབས་བྲལ་བའི་དབྱངས་རྟ——ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བ་དང་ཀྲུང་གོ་དང་ཕོ་ལན་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་རོལ་དབྱངས་འདུ་ཚོགས"སྟེང་འཁྲབ་སྟོན་བྱེད་པའི་རྣམ་པ་རེད།

པར་འདི་ནི་ཟླ9པའི་ཚེས22ཉིན། རོལ་མོ་བས་ཕོ་ལོན་གྱི་རྒྱལ་ས་ཧྭ་ཧྲའི་རྒྱལ་ཁབ་ཨའེ་ཡའེ་རོལ་དབྱངས་ཁང་དུ"བརྗེད་ཐབས་བྲལ་བའི་དབྱངས་རྟ——ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བ་དང་ཀྲུང་གོ་དང་ཕོ་ལན་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་རོལ་དབྱངས་འདུ་ཚོགས"སྟེང་ཀྲུང་གོའི་གླུ་གར་བྲོ་གར་གླིང་གི་རོལ་མོ་བས་ཕོ་ལན་རོལ་མོ་བ་མ་ལི་ཡ·པའོ་མི་ཡ་རའོ་ཧྥུའུ་སི་ཁ་དང་མཉམ་དུ་འཁྲབ་སྟོན་བྱེད་པའི་རྣམ་པ་རེད།

ཕོ་ལན་གྱི་ལྟར་མོ་བ་ཆའོ་ཨན་ན་ཡིས། ཀྲུང་གོའི་སྒྱུ་རྩལ་པ་ཕོ་ལན་དུ་ཡོང་ནས་འཁྲབ་སྟོན་བྱས་པར་དགའ་བོ་བྱུང་ཞིང་། རྒྱལ་ཁབ་གཉིས་ཀྱི་རོལ་མོ་བས་འཁྲབ་སྟོན་བྱས་པ་དངོས་ནས་ཡིད་དབང་འགུག་སྟབས། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པ་འདི་གོ་སྐབས་སུ་བཟུང་ནས་ཕོ་ལན་དང་ཀྲུང་གོ་བར་གྱི་རིག་གནས་བརྗེ་རེས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད། 

ཐེངས་འདིའི་རོལ་དབྱངས་འདུ་ཚོགས་ནི་ཀྲུང་གོའི་རིག་གནས་ཡུལ་སྐོར་པུའུ་དང་ཕོ་ལན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོའི་གླུ་གར་བྲོ་གར་གླིང་དང་ཕོ་ལན་གྱི་བྱེས་སྡོད་རང་མི་ཚོགས་པ་གཉིས་ཀྱི་འགན་སྒྲུབ་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号