ཞི་ཅིན་ཕིང་གིས་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་སློབ་སྒྲུབ་ཀྱི་ཁྱད་ཆོས་འབུར་ཏུ་བཏོད་དེ་སྒྱུར་བཅོས་གསར་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་བྱང་ཚད་མཐོ་བའི་གསར་འགྱུར་བརྒྱུད་བསྒྲགས་ཤེས་ལྡན་མི་སྣ་དེ་བས་མང་པོ་གསོ་སྐྱོང་བྱེད་དགོས་པར་ནན་གྱིས་བསྟན།

ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས། ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་བཙུགས་ནས་ལོ་འཁོར70ལོན་པའི་སྐབས་སུ་སློབ་གྲྭ་ཡོངས་ཀྱི་དགེ་སློབ་དང་ལས་བཟོ། རྒྱ་ཆེའི་སློབ་གྲོགས་བཅས་ལ་རྟེན་འབྲེལ་དང་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཁྱེད་ཚོས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་དགོས་མཁོར་དམིགས་ཏེ། སློབ་སྒྲུབ་ཁྱད་ཆོས་མངོན་གསལ་དོད་དུ་གཏོང་བ་དང་། སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་བཏང་སྟེ། སློབ་ཁྲིད་དང་ཚན་ཞིབ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ལ། ཧུར་ཐག་གིས་བྱང་ཚད་མཐོ་བའི་གསར་འགྱུར་བརྒྱུད་བསྒྲགས་ཤེས་ལྡན་མི་སྣ་དེ་བས་མང་པོ་གསོ་སྐྱོང་བྱས་ནས་ཏང་གི་བསམ་བློ་རིག་གནས་དྲིལ་བསྒྲགས་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།

ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་ནི། 1954ལོར་བཙུགས་པའི་སྔོན་ཆད་ཀྱི་ཀྲུང་དབྱང་རླུང་འཕྲིན་བྱ་གཞག་ཅུའུ་ཡི་ལག་རྩལ་མི་སྣའི་སྦྱོང་བརྡར་འཛིན་གྲྭ་ཞེས་པ་དེ་ཡིན་ཞིང་། 2004ལོར་པེ་ཅིན་རླུང་འཕྲིན་སློབ་གླིང་ནས་ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་ཞེས་པར་མིང་བསྒྱུར། ཉེ་ཆར་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། སློབ་གྲྭ་བཙུགས་ནས་ལོ་འཁོར70ལོན་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སློབ་གཉེར་གྲུབ་འབྲས་སྙན་སེང་ཞུས་ནས། ཏང་གི་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་ལ་ཞབས་འདེགས་དེ་བས་ལེགས་པོ་ཞུ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སེམས་ནུས་གཅིག་སྒྲིལ་བྱེད་པའི་ཆོད་སེམས་མཚོན་པར་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号