【ང་ཚོའི་དུས་ཆེན·རྒྱལ་སྟོན་དུས་ཆེན།】 རྒྱལ་དར་གྱི་བྱུང་བ།

རྒྱལ་དར་ནི་རྒྱལ་ཁབ་ཅིག་གི་མཚོན་བྱེད་ཡིན་པ་དང་། རྒྱལ་གླུ་ནི་རྒྱལ་ཁབ་ཅིག་གི་མི་རིགས་སྙིང་སྟོབས་ཀྱི་མཚོན་ཚུལ་ཡིན། ཉིན་རེའི་ཞོགས་པར། གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཞོགས་པའི་ཉི་ཟེར་དང་འགྲོགས་ནས་སྐར་ལྔའི་དར་དམར་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ག་ལེར་བསྒྲེངས་ཤིང་། ཡང་སྐོར་བསྐྱར་སྐོར་བྱེད་པའི་རིམ་སྲོལ་འདི་རྒྱལ་ཁབ་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་བ་དང་ཀྲུང་གོ་བ་ཚང་མའི་སེམས་ནང་གི་དྭངས་གཙང་གི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།     

1949ལོའི་ཟླ10པའི་ཚེས1ཉིན། སྐབས་དེར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིན་པའི་མའོ་ཙེ་ཏུང་གིས་སྐུ་དངོས་སུ་ཀྲུང་གོ་གསར་བ་དབུ་བརྙེས་པ་མཚོན་བྱེད་ཀྱི་རྒྱལ་དར་བསྒྲེངས་པས། མི་རྣམས་ཀྱི་སེམས་ཀྱི་རྦ་རླབས་ལང་ལོང་འཕྱུར། ཡིན་ཡང་སྐབས་དེར་མི་རྣམས་ཀྱིས་ལྷབ་ལྷུབ་ཏུ་གཡོ་བཞིན་པའི་སྐར་ལྔའི་དར་དམར་འདི་ཅི་ལྟར་བྱུང་ཚུལ་ལ་ཆ་མེད་རྒྱུས་མེད་ཡིན། 

རྒྱལ་དར་གྱི་རི་མོ། “བརྒྱ་ཡི་ནང་ནས་བསལ། བརྒྱད་ཀྱི་ནང་ནས་བདམས།”

1949ལོའི་ཟླ6པར། ཆབ་སྲིད་གྲོས་མོལ་ཚོགས་འདུ་གསར་བའི་གྲ་སྒྲིག་ལྷན་ཚོགས་པེ་ཅིང་དུ་བཙུགས། འགན་ཁུར་གཙོ་བོ་ནི་མི་འགྱངས་པར་དབུ་བརྙེས་ལ་ཉེ་བའི་ཀྲུང་གོ་གསར་བར་རྒྱལ་དར་གཏན་འབེབས་བྱེད་རྒྱུ་དེ་རེད། ཟླ7པར། གྲ་སྒྲིག་ཚོགས་པས《མི་དམངས་ཉིན་རེའི་ཚགས་པར》སོགས་ཚགས་པར་སྟེང་དུ་རྒྱལ་དར་གྱི་རི་མོ་བསྡུ་བའི་གསལ་བརྡ་བསྒྲགས། གནས་ཚུལ་དེ་བསྒྲགས་མ་ཐག་ཏུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་སྟེ། དུས་ཐུང་ཟླ་བ་གཅིག་གི་ནང་གྲ་སྒྲིག་ལྷན་ཚོགས་ལ་རྩོམ་སྐུལ་དང་ལེན་གྱི་རྒྱལ་དར་རི་མོ2992འབྱོར་བ་རེད། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་། ལོ་རྒྱུས་རིག་པ་མཁས་ཅན་ཀུའོ་མོ་རུའོ། སྙན་ངག་པ་ཨའེ་ཆིང་བཅས་ཀྱིས་ཀྱང་སྐུ་དངོས་སུ་རྒྱལ་དར་གྱི་རི་མོ་ཇུས་འགོད་བྱས་ཡོད།

《རྒྱལ་དར་རི་མོའི་ཟུར་ལྟའི་རྒྱུ་ཆ།》

ཀྲུང་གོ་གསར་བའི་རྒྱལ་དར་གཏན་འབེབས་བྱེད་པར་འགན་འཁུར་མཁན་ནི་གྲ་སྒྲིག་ལྷན་ཚོགས་ཀྱི་ཚན་ཆུང་དྲུག་པ་ཡིན་ལ། ཚན་གཙོ་ནི་མིང་དུ་གྲགས་པའི་སློབ་གསོ་པ་མ་ཞུའེ་ལུན་དང་། ཚན་གཙོ་གཞོན་པ་ནི་ཡེ་ཅན་ཡིང་དང་ཧྲིན་ཡན་པིན་ཡིན། ཁོངས་མི་གཞན་དག་ལ་ཐན་ཧན་དང་། ཀོ་མོ་རོའོ། ཁྲིན་ཅ་ཀེན་སོགས་ལས་རིགས་ཁག་གི་མི་སྣ་གྲགས་ཅན་ཡོད། དཔྱད་འདེམས་ཡང་ཡང་བྱས་པ་བརྒྱུད་མཐར་རྩོམ་སྐུལ་དང་ལེན་གྱི་རྒྱལ་དར་རི་མོ3000ལ་ཉེ་བའི་ནང་ནས་ཅུང་ལེགས་པའི་རི་མོ38བདམས་ཏེ《རྒྱལ་དར་རི་མོའི་དཔྱད་གཞིའི་ཡིག་རིགས》བཟོས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུ་ཐེངས་དང་པོར་གྲོས་བསྡུར་བྱ་རྒྱུར་ཕུལ་བ་རེད།  

སྐར་ལྔའི་དར་དམར་ཇུས་འགོད་ཀྱི་མ་གདན་བཟོ་མཁན་ནི་སྤྱིར་བཏང་གི་ནོར་དོན་པ་ཞིག་ཡིན།

ཡང་ཡང་ཞིབ་བརྟག་བྱས་པ་བརྒྱུད། ཚན་ཆུང་དྲུག་པས་སྲིད་གྲོས་ཀྱི་འཐུས་མི་ཚོར་འོས་སྦྱོར་བྱས་པའི་རྒྱལ་དར་རི་མོ་ནི། རི་མོའི་དེབ་ནང་གི་ཨང་རྟགས3པ་དང་ཨང་རྟགས4པ་ཡིན་པ་རེད། གཞི་རྩའི་ཁྱད་ཆོས་ནི་ཚང་མ་མ་གདན་དམར་པོ་དང་། སྐར་མ་སེར་པོ། སེར་ཐིག་བཅས་ཡིན།  དམར་པོས་གསར་བརྗེ་མཚོན་པ་དང་། ཟུར་ལྔའི་སྐར་མས་ཀྲུང་གོ་གུང་ཁྲན་ཏང་དང་མི་དམངས་བཅིངས་འགྲོལ་དམག་མཚོན་པ། ཐིག་སྐུད་སེར་པོས་རྨ་ཆུ་མཚོན་པ་བཅས་རེད། མི་ཁ་ཤས་ཀྱི་བསམ་པར་ཀྲུང་གོར་རྨ་ཆུ་གཅིག་པུ་ལས་མེད་པ་མ་ཡིན་སྙམ་ནས་སེར་ཐིག་གཉིས་ཅན་དང་གསུམ་ཅན་གྱི་འཆར་ཟིན་གཞན་གཉིས་བྱུང་ལ། སེར་ཐིག་གཉིས་ཀྱིས་རྨ་ཆུ་དང་འབྲི་ཆུ་མཚོན་པ་དང་། སེར་ཐིག་གསུམ་གྱིས་རྨ་ཆུ་དང་། འབྲི་ཆུ། ཀྲུའུ་ཅང་གཙང་པོ་བཅས་མཚོན་དགོས་པར་སྙམ། ཡིན་ནའང་ཀྲང་ཀྲི་ཀྲུང་གིས་མའོ་ཙེ་ཏུང་ལ་ཐིག་སྐུད་སེར་པོ་ཡིས་ས་དམར་བགོས་པ་ནི་རྒྱལ་ཁབ་ཁ་ཕྲལ་བ་དང་འདྲ་བས། བརྩམས་ཆོས་གཞན་གདམ་དགོས་པར་བཤད།


སྐར་ལྔའི་དར་དམར་གྱི་མ་གདན་ཇུས་འགོད་པ་ཙེང་ལེན་སུང་།

མཇུག་མཐར་གྲ་སྒྲིག་ཚོགས་པས་མཐའ་གཅིག་ཏུ་བཟོ་བཅོས་བྱས་པའི་རི་མོ་ཨང་རྟགས32པ་བདམས་ཤིང་། མ་གདན་ཇུས་འགོད་པ་ཙེང་ལེན་སུང་ནི་ནོར་དོན་པ་དཀྱུས་མ་ཞིག་ཡིན་པ་དང་། ཐ་ན་རི་མོ་བ་ཞིག་ཀྱང་མིན།  

1949ལོའི་ཟླ9པའི་ཚེས27ཉིན།    རྒྱལ་ཡོངས་སྲིད་གྲོས་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་སྟེང། འཐུས་མིའི་བསམ་འཆར་ལྟར། རྒྱལ་དར་གྱི་གསལ་བཤད་ལ་ཡང་བསྐྱར་གོམ་གང་མདུན་སྤོས་ཀྱིས་བཟོ་བཅོས་བྱས་ཏེ། རྒྱལ་དར་གྱི་མིང་ལ་སྐར་ལྔའི་དར་དམར་ཞེས་བཏགས། ཟླ10པའི་ཚེས1ཉིན། ཀྲུང་གོ་གསར་བའི་སྐར་ལྔའི་དར་དམར་ཐེངས་དང་པོར་གནམ་བདེ་སྒོ་མོ་ཆེའི་རྒྱལ་ཁབ་དབུ་བརྙེས་མཛད་སྒོའི་སྟེང་བསྒྲེངས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་གསར་བརྗེ་མཚོན་བྱེད་ཡིན། དར་ཆའི་སྟེང་གི་ཟུར་ལྔའི་སྐར་མ་ལྔ་དང་དེ་དག་གི་བར་གྱི་འབྲེལ་བས་གུང་ཁྲན་ཏང་གི་མགོ་ཁྲིད་འོག་གི་གསར་བརྗེའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོ་མཚོན་གྱིན་ཡོད། ཟུར་ལྔའི་སྐར་མའི་ཁ་དོག་སེར་པོ་ནི་གསར་བརྗེའི་ས་གཞིའི་སྟེང་དུ་རེ་བའི་འོད་ཟེར་འཕྲོས་པ་མཚོན། ཟུར་ལྔའི་སྐར་མ་ཆུང་བ་བཞི་པོའི་ཟུར་རེ་སྐར་ཆེན་གྱི་ལྟེ་གནས་ལ་གཏད་ཡོད་པས། ལྟེ་བ་གཅིག་གི་སྟེང་དུ་མཐུན་སྒྲིལ་བྱས་པ་མཚོན། 1990ལོའི་ཟླ6པའི་ཚེས28ཉིན། སྐབས་བདུན་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པའི་སྟེང་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་བ་དང་། བཅའ་ཁྲིམས་འདི་ལོ་དེའི་ཟླ10པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号