ནེའུ་ཙི་ལན་དང་། ཨོ་སི་ཁྲུ་ལི་ཡ། ལྗར་པན་བཅས་རྒྱལ་ཁབ་གསུམ་གྱི་དམག་གྲུ་ཉིན་ཤས་གོང་ཐའེ་ཝན་མཚོ་འགག་བརྒྱུད་པར་ཀྲུང་གོ་ཕྱོགས་ཀྱིས་ལན་བརྒྱབ་པ།

ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་གྱིས་ཚེས་ཉེར་དྲུག་ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ནེའུ་ཙི་ལན་དང་ཨོ་སི་ཁྲུ་ལི་ཡའི་དམག་གྲུ་ཐའེ་ཝན་མཚོ་འགག་བརྒྱུད་པར་ཀྲུང་གོ་ཕྱོགས་ཀྱིས་ལན་བརྒྱབ་པ།

གསར་འགོད་པས། ནེའུ་ཙི་ལན་གྱི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ནེའུ་ཙི་ལན་དང་ཨོ་སི་ཁྲུ་ལི་ཡའི་དམག་གྲུ་གཟའ་ལྷག་པར་ཐའེ་ཝན་མཚོ་འགག་བརྒྱུད་པ་རེད། ཁྱེད་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

ལིན་ཅན་གྱིས། ཕྱི་རྒྱལ་གྱི་དམག་གྲུ་ཐའེ་ཝན་མཚོ་འགག་བརྒྱུད་པར་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱས་པ་དང་ཆབས་ཅིག་ཀྲུང་གོ་ཕྱོགས་ཀྱི་བདག་དབང་དང་བདེ་འཇགས་ལ་གནོད་འཚེ་གཏོང་སྲིད་པའི་བྱེད་སྤྱོད་ལ་དོགས་ཟོན་ཆེན་པོ་བྱེད་རྒྱུ་ཡིན།

ལྗར་པན་རང་སྲུང་རུ་ཁག་གི་དམག་གྲུ་ཐའེ་ཝན་མཚོ་འགག་བརྒྱུད་ནས་བྱ་སྤྱོད་སྤེལ་བ། ཕྱི་འབྲེལ་པུའུ། ཀྲུང་གོའི་དམག་དཔུང་གིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱས་ཟིན་ཞེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号