ཨ་རིའི་འགོ་ཁྲིད་འདིས་ཉེས་པ་ངོས་ལེན་མ་བྱས། 

ཟླ9པའི་ཚེས27ཉིན། ཨ་རིའི་ཉིའུ་ཡོག་གི་གྲོང་སྤྱི་ཨའེ་ལི་ཁེ་·ཡ་ཏང་སི་ཉིའུ་ཡོག་ལྷོ་ཁུལ་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གི་ཁྲིམས་རར་ཞུགས་སྐབས། རྒྱལ་ཕྲན་མཉམ་འབྲེལ་གྱི་སྐྱོན་འདོན་ཞུ་གཏུག་ཁག་ལྔ་ཚང་མར་རང་ཉེས་ངོས་ལེན་མི་བྱེད་པའི་རྣམ་འགྱུར་བསྟན་ལ། དེའི་ནང་གློག་འཕྲིན་གྱི་ཁ་བསླུས་དང་། ལྐོག་རྔན་སྤྲོད་པ། མཉམ་དུ་ངན་ཇུས་བཏིང་བ་དང་། དེ་བཞིན་ཕྱི་རྒྱལ་གྱི་སྤྱི་དམངས་ས་ནས་བདམ་ཐོན་གྱི་འགྲན་བསྡུར་ལ་ཞལ་འདེབས་ཕུལ་རིགས་བླངས་པའི་སྐོར་གྱི་སྐྱོན་འདོན་ཞུ་གཏུག་ཁག་གཉིས་ཚུད་ཡོད་པ་རེད།

རྒྱལ་ཕྲན་མཉམ་འབྲེལ་ཞིབ་དཔྱོད་དཔོན་གྱིས། ཉེས་བགྲང་ཞུ་གཏུག་ཚབས་ཆེ་ཤོས་དེ་གློག་འཕྲིན་ཐོག་ནས་ཁ་བསླུས་བརྒྱབ་པའི་ཉེས་མིང་དུ་གཏན་འཁེལ་བྱས་ཚེ། ཡ་ཏང་སི་བཙོན་འཇུག་རིང་ཤོས་ལོ20བྱ་རྒྱུ་རེད་ཅེས་བཤད་པ་རེད།

ཨའེ་ལི་ཁེ་·ཡ་ཏང་སིས་ཚེས26ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། རྣམ་འགྱུར་དྲག་པོའི་ཐོག་ནས་རང་ཉིད་ཀྱིས་བཅའ་ཁྲིམས་གང་རུང་ལས་འགལ་བ་ཁས་མ་བླངས་པ་མ་ཟད། གྲོང་སྤྱིའི་འགན་འཁྲི་མུ་མཐུད་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号