ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གིས་ངོ་རྒོལ་དང་བཙན་དབང་རིང་ལུགས་ཀྱིས་འཛམ་གླིང་ཡོངས་ཀྱི་གནད་དོན་གང་རུང་ཐག་གཅོད་བྱེད་ཐབས་མེད་པའི་ཚུལ་བསྟན།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས4ཉིན་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་ཁྲོད་ཀྱི་ཨུ་རུ་སི་ཞེས་པའི་དུས་དེབ་སྟེང་མིང་བཀོད་རྩོམ་ཡིག་སྤེལ་ཏེ། ངོ་རྒོལ་དང་བཙན་དབང་རིང་ལུགས་ཀྱིས་འཛམ་གླིང་ཡོངས་ཀྱི་གནད་དོན་གང་རུང་ཐག་གཅོད་བྱེད་ཐབས་མེད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ངོ་རྒོལ་དང་བཙན་དབང་རིང་ལུགས་ཀྱིས་སྣེ་མང་ཅན་གྱི་འཛམ་གླིང་སྒྲིག་ལམ་འཛུགས་པའི་དངོས་ཡོད་ཀྱི་འཕེལ་རིམ་ལ་ཚོད་འཛིན་ཐེབས་སྲིད་པ་དང་། སྣེ་མང་ཅན་གྱི་འཛམ་གླིང་འཛུགས་པ་ནི་རྒྱལ་ཁབ་ཆེ་ཆུང་གང་ཡིན་ཡང་ཁེ་དབང་འདྲ་མཉམ་ཡིན་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་རང་ཉིད་ཀྱི་ལས་དབང་ཐག་གཅོད་བྱེད་པའི་དབང་ཆ་ཡོད་ལ། མིའི་རིགས་ཀྱི་རིན་ཐང་ལྟ་བར་བརྩི་འཇོག་བྱེད་པ་བཅས་རྨང་གཞིར་བྱེད་དགོས་ཟེར།

ཁོས་ད་རུང་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་རྒྱལ་སྤྱིའི་གྲོས་རིམ་ནང་ཞུགས་པའི་ཁེ་དབང་ཐད་ཀྱི་འབོད་སྐད་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད། འབོད་སྐད་དེ་རིགས་ལ་ནུབ་ཕྱོགས་ནས་རིམ་བཞིན་རང་ཉིད་ཀྱིས་བཙུགས་པའི་འཛམ་གླིང་ཡོངས་ཅན་གྱི་རྣམ་པར་གཏོར་བཤིག་གཏོང་བའི་གནས་ཚུལ་འོག་དངོས་ཡོད་ཀྱི་དོན་སྙིང་ལྡན་པར་མངོན་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བལྟས་ན། ཨེ་ཤ་ཡཱ་དང་ཨ་ཧྥེ་རི་ཁ་གླིང་། ལཱ་ཏེན་མེ་གླིང་སོགས་ས་ཁུལ་གྱི་རྒྱལ་སྤྱིའི་རྩ་འཛུགས་དག་གི་ནུས་པར་ཤུགས་སྣོན་ཐོབ་བཞིན་ཡོད་པ་དང་། དེའི་ནང་ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཐུན་མོང་ཚོགས་པ། ཨ་རབ་རྒྱལ་ཁབ་མནའ་འབྲེལ། ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་སོགས་འདུས་ཡོད་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号