ཧྥ་རན་སིའི་ཙུང་ཐུང་གིས་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་ལ་མཚོན་ཆ་འདོན་སྤྲོད་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཧྥ་རན་སིའི་སྤྱི་བའི་རླུང་འཕྲིན་ཁང་གིས་ཚེས5ཉིན་བཏང་བའི་ཆེད་དོན་བཅར་འདྲིའི་ལེ་ཚན་ནང་དུ། དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་ལ་མཚོན་ཆ་འདོན་སྤྲོད་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་གླེང་སྐབས་མཱ་ཁི་ལུང་གིས་བཤད་རྒྱུར། མིག་སྔར་གལ་ཆེ་བ་ནི་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་ཇུས་གཞི་སླར་གསོ་བྱེད་པ་དང་། དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་ལ་མཚོན་ཆ་འདོན་སྤྲོད་བྱེད་མཚམས་འཇོག་རྒྱུ་དེ་ཡིན་ཟེར། ཧྥ་རན་སི་ཡིས་མཚོན་ཆ་འདོན་སྤྲོད་བྱེད་མི་སྲིད་ཟེར།

ད་ལོའི་ཟླ་གསུམ་པར། སྐབས་དེའི་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལེ་མུའུ་ཝ་ནཱ་ཡིས་བསྟན་དོན། ཧྥ་རན་སི་ཡིས་ཀྱི་དབྱི་སི་རལ་ལ་ཕྱིར་གཏོང་བྱས་པའི་མཚོན་ཆ་དང་མདེལ་རྫས་དེ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དང་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་གཞན་པའི་དམག་དོན་འགུལ་སྐྱོད་ཁྲོད་བཀོལ་མི་རུང་བ་དང་། ཧྥ་རན་སི་རུ་དོན་དེར་ཚོད་འཛིན་ནན་མོ་བྱེད་པའི་རྐྱེན་སྲོལ་ཡོད་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号