དབྱི་ལིང་གི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱིས་རྒྱལ་ནང་གི་གནམ་གྲུའི་གཏོང་ཐེངས་རྒྱུན་ལྡན་དུ་གྱུར་བ་ཁྱབ་བསྒྲགས་བྱས།

དབྱི་ལིང་མེད་ཧི་ཨར་འཕྲིན་གཏོང་ཁང་གིས་ཚེས7ཉིན་གྱི་ཞོགས་པར་དབྱི་ལིང་གི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱི་མགྲིན་ཚབ་པའི་སྐད་ཆ་དྲངས་ནས་བཤད་རྒྱུར། དབྱི་ལིང་གིས་བར་སྣང་བཀག་སྡོམ་མེད་པར་བཏང་ཡོད་པ་དང་། ས་དེའི་ཚེས་དྲུག་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་ནས་བཟུང་རང་གི་མངའ་ཁོངས་ཀྱི་གནམ་གྲུའི་གཏོང་ཐེངས་ཚང་མ་རྒྱུན་ལྡན་དུ་གྱུར་ཡོད་ཟེར།

བསྒྲགས་པ་ལྟར་ན། སྐྱེལ་འདྲེན་ཚོང་གཉེར་གྱི་ཚད་བཀག་མེད་པར་བཏང་བའི་དབང་གིས་དབྱི་ལིང་མངའ་ཁོངས་ཀྱི་གནམ་གྲུའི་གཏོང་ཐེངས་ཚང་མ་ཚེས6ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་ནས་བཟུང་རྒྱུན་ལྡན་དུ་གྱུར་ཡོད་པ་དང་། གནས་སྐོར་བ་ཚོས་དགོས་ངེས་ཀྱི་གནམ་གྲུ་ཐང་དང་མཁའ་འགྲུལ་ཀུང་ཟིར་འབྲེལ་གཏུག་བྱས་ནས་གནམ་གྲུའི་གཏོང་ཐེངས་སོགས་ཀྱི་གནས་ཚུལ་ལ་དྲིས་ཆོག་ཟེར།

ཚེས6ཉིན་གྱི་སྔ་དྲོར། དབྱི་ལིང་གི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་དོན། ཚེས6ཉིན་གྱི་དགོང་མོའི་དུས་ཚོད་དགུ་ནས་ཚེས7ཉིན་གྱི་ཞོགས་པའི་དུས་ཚོད6བར་སྐྱེལ་འདྲེན་ཚོང་གཉེར་གྱི་ཚད་བཀག་དབང་གིས་གནམ་གྲུའི་ཐང་སྐོར་ཞིག་གི་གནམ་གྲུའི་འཕུར་འབབ་གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན་པ་དང་། ཤུགས་རྐྱེན་ཐེབས་པའི་གནས་སྐོར་བར་ཁ་གསབ་རོགས་དངུལ་སྟེར་རྒྱུ་ཡིན་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号