ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཞིབ་བཤེར་གཏན་འབེབས་བརྒྱུད། 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》བམ་པོ་དང་པོ་དང་བམ་པོ་གཉིས་པའི་མགོ་ཙེམ་པར་མ་མགོ་ཙེམ་དཔེ་སྐྲུན་ཅུའུ་དང་མི་དམངས་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་བྲེལ་སྒོས་དཔེ་སྐྲུན་བྱས་ཤིང་དེ་རིང་ནས་བཟུང་རྒྱལ་ཡོངས་ལ་འགྲེམ་སྤེལ་བྱས།

སྐུད་བཙེམ་དཔེ་དེབ་འདི་ནི་མི་དམངས་དཔེ་སྐྲུན་ཁང་གིས2023ལོའི་ཟླ4པར་དཔེ་སྐྲུན་བྱས་པའི《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》བམ་པོ་དང་པོ་དང་བམ་པོ་གཉིས་པར་གཞི་བཅོས་ཤིང་། ཡིག་གཟུགས་ཆེ་ལ་ཚུགས་རྙིང་ལྟར་ཡིན་པ་མ་ཟད། དེབ་ཚད16དང་། དེབ་ཆ་ཚང་ལ་དེབ16དང་པོད་གཉིས་སུ་དབྱེ་ཡོད། སྤུས་ལེགས་ཀྱི་ཤོག་ལྷེ་སྟེང་དམིགས་བསལ་གྱི་པར་འདེབས་རྒྱུ་ཆ་དང་བཟོ་རྩལ་བཀོལ་ཞིང་། ཀྲུང་ཧྭའི་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པས་སློབ་སྦྱོང་དང་ཉར་ཚགས་ཀྱི་རིན་ཐང་ལྡན་པའི་དཔེ་དེབ་ཡག་པོ་ཞིག་རེད།

《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》བམ་པོ་དང་པོ་དང་བམ་པོ་གཉིས་པའི་ནང་བློ་མཐུན་ཞི་ཅིན་ཕིང་གིས2012ལོའི་ཟླ11པ་ནས2022ལོའི་ཟླ10པའི་བར་གྱི་གསུང་རྩོམ་གལ་ཆེན་རྣམས་བཏུས་ཡོད། ཀྲུང་གོའི་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་མགོ་ཙེམ་རྣམ་པ་ལྟར《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》བམ་པོ་དང་པོ་དང་བམ་པོ་གཉིས་པ་གཉིས་དཔེ་སྐྲུན་བྱས་པ་དེ། གསུང་རྩོམ་གལ་ཆེན་འདིའི་ཚད་ལྡན་ཡིག་ཆའི་རིན་ཐང་མངོན་གསལ་སྒོས་མཚོན་ལ། པར་གཞིའི་རིགས་སྣ་ཕུན་སུམ་ཇེ་ཚོགས་སུ་བཏང་བས། རང་རྒྱལ་གྱི་མགོ་ཙེམ་བསྟན་བཅོས་ཁྲོད་དེང་རབས་ཀྱི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་ཁ་སྣོན་བྱས་པ་རེད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号