གཉེན་སྟོན་བཟའ་བཏུང་ཆུད་ཟོས་ལ་བཀག་འགོག་བྱ་རྒྱུ་རེད།

སྡེ་ཁག་གསུམ་གྱིས་མཉམ་འབྲེལ་སྒོས་བརྡ་སྦྱོར་བཏང་ནས་གཉེན་སྟོན་བཟའ་བཏུང་ཆུད་ཟོས་ལ་བཀག་འགོག་བྱས་པ།

ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་དམངས་སྲིད་པུའུ། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་ལས་ཁང་བཅས་ཀྱིས་ཉེ་ལམ་མཉམ་འབྲེལ་སྒོས་སྔར་ལས་ལྷག་པར་གཉེན་སྟོན་བཟའ་བཏུང་ཆུད་ཟོས་བཀག་འགོག་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར་དཔར་འགྲེམ་བྱས་པ་དང་། སྡེ་ཁག་མཉམ་འགུལ་ལ་ཤུགས་སྣོན་པ་དང་མཐུན་ཚོགས་ཀྱིས་ཤུགས་འདོན་པར་སྣེ་ཁྲིད་བྱེད་པ་བརྒྱུད། ཧུར་ཐག་གིས་གཉེན་སྒྲིག་ཐོ་འགོད་གསལ་འདེབས་དང་ལུགས་མཐུན་ངང་གཉེན་སྟོན་ཚལ་སྣ་ཇུས་འགོད་བྱེད་པ་ནས་བཟའ་བཏུང་མཁོ་འདོན་ཞབས་ཞུ་རྣམ་པ་གསར་སྐྲུན་དང་སྟོན་མོའི་རྗེས་ཀྱི་ཞལ་འདེབས་འཚོལ་ཞིབ་བྱེད་པའི་ཁྱབ་ཁོངས་ཆེ་བ་དང་གོ་རིམ་ཧྲིལ་བོ། རིམ་པ་མང་པོའི་ལམ་ལུགས་ལམ་སྲོལ་གསར་འཛུགས་བྱེད་རྒྱུ་རེད།


བརྡ་སྦྱོར་ལས་བསྟན་དོན། གཉེན་སྟོན་ཞབས་ཞུ་བདག་གཉེར་མཁན་གྱིས་ངེས་པར་དུ་བཟའ་བཏུང་ཆུད་ཟོས་བཀག་འགོག་སྐོར་གྱི་འབྲེལ་ཡོད་ནང་དོན་དེ་གཉེན་སྟོན་ཞབས་ཞུའི་གྲོས་མཐུན་ནང་འཇོག་དགོས་ལ། འཛད་སྤྱོད་པས་སྡེར་གཙང་བྱ་སྤྱོད་ལག་ཏུ་བསྟར་བར་སྣེ་ཁྲིད་བྱེད་དགོས། གཉེན་སྟོན་གྱི་ཚལ་ཐོ་ལེགས་བཅོས་བྱས་ཏེ། ལུགས་མཐུན་ངང་ཚལ་སྣའི་གྲངས་ཀ་དང་མང་ཉུང་སྡེབ་སྦྱོར་བྱེད་དགོས། གཉེན་སྟོན་ཞབས་ཞུ་བདག་གཉེར་མཁན་གྱིས་བཟའ་བཏུང་མཁོ་འདོན་རྣམ་པ་མང་པོ་བཏོན་ནས། ཞབས་ཞུའི་ཆུ་ཚད་མཐོར་འདེགས་དང་འཛད་སྤྱོད་པས་ཟས་ལྷག་ཐུམ་རྒྱག་བྱེད་པར་སྣེ་ཁྲིད་བྱེད་དགོས།

བརྡ་སྦྱོར་ལས་ནན་གྱིས་བསྟན་དོན། རིམ་པོ་སོ་སོའི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་དམངས་སྲིད་སྡེ་ཁག དཔལ་ཡོན་གཞུང་ལས་ཁང་བཅས་ཀྱིས་ལམ་ལུགས་མཁོ་སྤྲོད་ལ་ཤུགས་སྣོན་པ་དང་། གཉེན་སྟོན་ཞབས་ཞུ་བདག་གཉེར་མཁན་གྱི་ཉིན་རྒྱུན་གྱི་ལྟ་སྐུལ་དང་སྲིད་འཛིན་མཛུབ་སྟོན་ཇེ་དྲག་ཏུ་བཏང་སྟེ། གཉེན་སྒྲིག་ཐོ་འགོད་སྐབས་ཀྱི་གསལ་འདེབས་དྲན་སྐུལ་ལེགས་པོར་བསྒྲུབས་པ་དང་། ཧུར་ཐག་གིས་ཆུད་ཟོས་ལ་འཛེམ་པ་དང་གྲོན་ཆུང་གོང་བཀུར་གྱི་སྣང་ཚུལ་བསྐྲུན་ནས། བཟའ་བཏུང་ཆུད་ཟོས་བཀག་འགོག་ལ་སྐུལ་འདེད་བྱེད་པ་དེ་སྤྱི་ཚོགས་ཡོངས་ཀྱི་རང་འགུལ་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས།

བརྡ་སྦྱོར་ལས། འབྲེལ་ཡོད་ལས་རིགས་མཐུན་ཚོགས་ཀྱིས་ཧུར་ཐག་གིས་མཛུབ་སྟོན་བྱེད་ནུས་འདོན་སྤེལ་བྱས་ཏེ། ལས་རིགས་ཀྱི་རང་གཅུན་ཇེ་དྲག་ཏུ་གཏོང་དགོས་ཤིང་། གཉེན་སྟོན་ཞབས་ཞུ་བདག་གཉེར་མཁན་གྱིས་གོ་རིམ་ཧྲིལ་བོར་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་ལག་བསྟར་བྱེད་དགོས་ཏེ། ཟས་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པ་མ་ཟད་ཟས་རིགས་ཀྱི་ངེས་མེད་ཟད་གྲོན་ཇེ་ཉུང་གཏོང་དགོས། གཉེན་སྟོན་ཞབས་ཞུ་བདག་གཉེར་མཁན་གྱིས་གཅིག་གྱུར་རྣམ་པའི་སྤྱི་བའི་གསོལ་ཆས་སྤྱོད་པར་སྣེ་ཁྲིད་བྱེད་དགོས་པར་མ་ཟད་སྤྱི་བའི་གསོལ་ཆས་སྤྱོད་ཚད་མཐོར་འདེགས་སུ་གཏོང་དགོས་པ་གསལ་བོར་བསྟན་ཡོད། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号