ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིན་ཆེན་ཅིན་ཧྭ་གྲོང་ཁྱེར་དུ་རྟོག་ཞིབ་མཛད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས20ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དུ་སྔ་རྗེས་སུ་དབྱི་ཝུའུ་གྲོང་ཁྱེར་གྱི་ཧོའུ་ཀྲེ་སྲང་ལམ་ལི་ཙུའུ་སྡེ་བ་དང་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་ཁང་ཆེན་མོར་རྟོག་ཞིབ་མཛད་དེ། ས་གནས་དེས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་རྒྱ་སྐྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད།  


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号