མཚོ་སྔོན་ཞིང་ཆེན་གྱི་གཞུང་ཁོངས་ནགས་ར་གཉིས་རྒྱལ་ཡོངས་ཀྱི“ནགས་ར་ལེགས་ཤོས་བཅུར”བདམས་པ།


     ཟླ9བའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་ཤེས་གསལ་ལྟར་ན། ཉེ་ཆར་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དབྱི་ལི་ཁུལ་དབྱི་ཉིང་གྲོང་ཁྱེར་དུ་འཚོགས་པའི་གཞུང་ཁོངས་ནགས་རའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོ་གླེང་དང་ནགས་རའི་བྱེད་སྒོ་བཅུའི་ཉམས་མྱོང་བརྗེ་རེས་ཚོགས་འདུའི་སྟེང་། ཀྲུང་གོའི་ནགས་རའི་མཐུན་ཚོགས་ཀྱིས2023ལོའི“ནགས་ར་ལེགས་ཤོས་བཅུ”ཡི་སྡེ་ཁག་ལ་ཁྱབ་བརྡ་བཏང་ནས་གཟེངས་བསྟོད་བྱས་པ་དང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ནུབ་རི་ནགས་ར་དང་ན་ཅཱ་ནགས་ར་དེ་ཀྲུང་གོའི་ནགས་རའི་མཐུན་ཚོགས་ཀྱིས2023ལོའི་ལོ་འཁོར་མོའི“ནགས་ར་ལེགས་ཤོས་བཅུ”ཡི་གྲས་སུ་གཏན་འཁེལ་བྱས། 

     ཟི་ལིང་གྲོང་ཁྱེར་གྱི་ནུབ་རི་ནགས་ར་ནི་ནགས་ས་གཉེར་སྐྱོང་དོ་དམ་དང་། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ། ནགས་བཟོ། ལྗང་གསོ། ཚན་ཞིབ་སོགས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ནགས་རར་གྱུར་ཡོད། ཉེ་བའི་ལོ་ཤས་རིང་གནད་སྨིན་གསོ་སྐྱོང་དང་དེ་བཞིན་ཞིབ་ཚགས་ཅན་གྱི་དོ་དམ་བྱས་པ་བརྒྱུད་ནགས་རའི་ནགས་ཚལ་སྤུས་ཚད་མགྱོགས་མྱུར་ལེགས་སུ་ཕྱིན་པ་དང་། སྡོང་ཕྲུག་སྣ་ཁ34བར་མང་དུ་ཕྱིན་པ། འདེབས་འཛུགས་བྱེད་ཚད་ཁྲི660ལྷག་ཙམ་ཟིན་པ། ནགས་ཚལ་ཁྱབ་ཚད82%ཟིན་པ། ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི100ཟིན་ནས་ནགས་ཚལ་ཐོན་ཁུངས་ཁྱབ་ཚུལ་ལུགས་མཐུན་དང་། གྲུབ་ཆ་ལེགས་སུ་གྱུར་པ། སྐྱེ་ཁམས་ཞབས་ཞུའི་ནུས་པ་བཅས་མངོན་གསལ་དོད་པོས་རི་ཁུལ་གྱི་ནགས་ཚལ་སྐྱེ་ཁམས་མ་ལག་རགས་ཙམ་ཆགས་ཡོད་པ་རེད། ཟི་ལིང་གྲོང་ཁྱེར་ན་ཅཱ་ནགས་རིའི་ནགས་ཚལ་ཁེབས་ཚད61.95%ཟིན་པ་དང་། 2019ལོ་ནས་བཟུང་སྡོང་ཕྲུག་འདེབས་གསོ་དང་། མེ་ཏོག་འདེབས་གསོ་བ། ནགས་ཚལ་ཡུལ་སྐོར་སོགས་རྨང་གཞིའི་འཛུགས་སྐྲུན་ལས་གཞི་ཧུར་ཐག་ངང་རེ་ཞུ་བྱས་ནས་ལེགས་སྒྲུབ་བྱས་པ་དང་། ལྗང་གསོའི་རྟེན་གཞི་སྤྱི་ཆིང3.33དང་། མེ་ཏོག་རྟེན་གཞི་སྤྱི་ཆིང2ནགས་ཚལ་དུད་ཚང2བཅས་གསར་སྐྲུན་བྱས་ནས་ནགས་ཚལ་མང་པོ་དང་། རིམ་པ་མང་པོ། ཕན་འབྲས་མང་བ་བཅས་ཀྱི་ནགས་ཚལ་སྐྱེ་ཁམས་མ་ལག་ཅིག་བསྐྲུན་ཡོད་པ་རེད། 


     ཤེས་གསལ་ལྟར་ན། 2010ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས“ནགས་ར་ལེགས་ཤོས་བཅུ”གཏོད་པའི“ལེགས་བཅུ”ཡི་ནང་དོན་ལ་དམིགས་ནས་ཞིང་ཆེན་ཡོངས་ཀྱི་གཞུང་ཁོངས་ནགས་ར“ནགས་ར་ལེགས་ཤོས་བཅུ”གཏོད་པའི་བྱེད་སྒོར་ཧུར་ཐག་ཞུགས་རྒྱུར་མཛུབ་ཁྲིད་བྱས་ཏེ། དེང་རབས་ནགས་ར་བསྐྲུན་པར་སྐུལ་འདེད་ནུས་ལྡན་བཏང་ཞིང་། མིག་སྔར་མཚོ་སྔོན་གྱི་གཞུང་ཁོངས་ནགས་ར10སྔ་རྗེས་སུ་ཀྲུང་གོ་ནགས་རའི་མཐུན་ཚོགས་ཀྱིས“ནགས་ར་ལེགས་ཤོས་བཅུར”གཏན་འཁེལ་བྱས་པ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号