“ཁེ་ལས་བརྒྱ་མཚོ་སྔོན་དུ་བསྐྱོད་པའི”ཚོང་འགུགས་གན་རྒྱ་འཇོག་པའི་བྱེད་སྒོ་མཚོ་སྔོན་པོའི་འགྲམ་དུ་འཚོགས་པ།

ཟླ6པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་གཙོ་སྒྲུབ་བྱས་པའི“རི་མཐོ་ཆུ་ཁུངས་རབ་མཛེས་མཚོ་སྔོན”ལས“རིག་ནུས་ལ་བརྟེན་ནས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི”རིག་གནས་ཡུལ་སྐོར་སྤྱི་པའི་ཞབས་ཞུའི་སྟེགས་བུ་དྲ་ཐོག་ནས་ཁྱབ་བསྒྲགས་བྱས་པ་དང་།“ཁེ་ལས་བརྒྱ་མཚོ་སྔོན་དུ་བསྐྱོད་པའི”ཚོང་འགུགས་རྣམ་གྲངས་ཀྱི་གན་རྒྱ་འཇོག་པའི་བྱེད་སྒོ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་འཁྲབ་སྟོན་ལྟེ་གནས་སུ་འཚོགས་པ་རེད། བྱེད་སྒོའི་ནང“རི་མཐོ་ཆུ་ཁུངས་རབ་མཛེས་མཚོ་སྔོན”གྱི་བརྙན་ཚབ་བརྙན་ཐུང་དང་ཉམས་ལེན་བརྙན་ཐུང་ཐོག་དང་པོར་འགྲེམ་སྟོན་བྱས་པ་དང་། “རིག་ནུས་ལ་བརྟེན་ནས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི”རིག་གནས་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་སྟེགས་བུ་དུས་མཉམ་གཅིག་ཏུ་དངོས་སུ་དྲ་ཐོག་ཏུ་ཤར་གཏོང་བྱས་པ་དང་གཙོ་གནད་རྣམ་གྲངས་ལ་གན་རྒྱ་འཇོག་པ་སོགས་ཀྱི་ནང་དོན་འདུས་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་རིག་གནས་ཡུལ་སྐོར་གྱི་བརྙན་ཚབ་བརྙན་ཐུང་ཁྱབ་བསྒྲགས་བྱས་པའི་དམིགས་ཡུལ་ནི་མཚོ་སྔོན་དེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ཡིན་པའི་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དང་ཐོན་ཁུངས་རིག་གནས་སོགས་ཕྱོགས་མང་པོའི་ཐད་མཐུན་སྦྱོར་འཕེལ་རྒྱས་ཀྱི་མིང་བྱང་གསར་བ་གཏོད་རྒྱུ་དེ་རེད། བརྙན་ཚབ་བརྙན་ཐུང་ལ་སྐར་མ6ཡོད་པ་དང་། དེའི་ནང“རི་མཐོ་ཆུ་ཁུངས་དང་རབ་མཛེས་མཚོ་སྔོན”ཞེས་པ་བརྗོད་བྱ་གཙོར་བྱས་ནས་མགོ་རྩོམ་རོལ་དབྱངས་དང་དུས་བཞིའི་རོལ་དབྱངས། བསྟོད་གླུ མཇུག་གི་རོལ་དབྱངས་སོགས་ལེའུ་ཆེན་པོ་བཞི་རུ་གྲུབ། སྒྲིག་སྦྱོར་བྱས་པའི་རོལ་དབྱངས་གསར་བ《ང་དང་ངའི་མེས་རྒྱལ》ཞེས་པའི་འགྱུར་ཁུག་རྒྱབ་ལྗོངས་སུ་བྱས་ཏེ། མཚོ་སྔོན་ལ་དམིགས་བསལ་དུ་ཡོད་པའི་རང་བྱུང་ཡུལ་ལྗོངས་དང་ས་དབྱིབས་སོགས་དང་ཟུང་འབྲེལ་བྱས་པ་དང་། རོལ་དབྱངས་ཀྱི་འགྱུར་ཁུག་དང་རང་བྱུང་གི་སྒྲ་ཕན་ཚུན་མཚོན་པར་བྱས་ནས་མཚོ་སྔོན་གྱི་རང་བྱུང་མཛེས་སྡུག་མངོན་པ་དང་། ལྟད་མོ་བ་རྣམས་སྣེ་ཁྲིད་དེ་མཚོ་སྔོན་གྱི་སྐྱེ་ཁམས་མཛེས་སྡུག་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་སྡུག་ཕྱོགས་ཡོངས་ནས་མྱོང་ཚོར་བྱེད་ཐུབ་པར་བྱ་རྒྱུ་རེད།

“རིག་ནུས་ལ་བརྟེན་མཚོ་སྔོན་ལ་ཡུལ་སྐོར་བྱེད་པའི”རིག་གནས་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་སྤྱི་ཡོངས་ཀྱི་ནུས་པ་ཇུས་འགོད་དེ1+3+Nཡི་བསམ་ཕྱོགས་གཞིར་བྱས་ཏེ། སྤྱིའི་འཛུལ་སྒོ1དང་རིམ་སྤོར3། རིགསNབཅས་བསྐྲུན་ཡོད་པ་རེད། འཛུལ་སྒོ་གཅིག་ནི་ཡུལ་སྐོར་བར་ཁ་ཕྱོགས་པའི་བརྒྱུད་རིམ་ཡོངས་ཀྱི་བྱ་རིམ་ཆུང་བའི་འཛུལ་སྒོ་ཡིན་པ་དང་། རིམ་འཕར་གསུམ་ནི་འཛད་སྤྱོད་པའི་ཞབས་ཞུ་རིམ་སྤོར་དང་། ཁེ་ལས་ཀྱི་ཞབས་ཞུ་རིམ་སྤོར། དོ་དམ་ཕན་ནུས་རིམ་སྤོར་བཅས་ལ་ཟེར། Nརིགས་ཀྱི་བཀོལ་སྤྱོད་ནི་ཡུལ་སྐོར་བ་དང་ཚོང་པ་ཁེ་ལས། ལྟ་སྐུལ་དོ་དམ་སྡེ་ཁག་བཅས་ལ་ཕྱོགས་པའི་ཞབས་ཞུ་ཁགNཡིན་པ་རེད། དེའི་ནང་ཡུལ་སྐོར་བར་ཕྱོགས་ནས་སྤྱི་པའི་ཞབས་ཞུ་དངསྔོན་བཀོད་བྱེད་པ། ཡུལ་སྐོར་སྣེ་ཤན་པའི་སྣེ་འགྲོ། གསར་གཏོད་ཉམས་ལེན་བཅས་ཚུད་པའི་ནུས་པ་ཆེ་གྲས4དང་བེད་སྤྱོད་ཁག16གསར་སྤེལ་བྱས་ཏེ་དྲ་ཐོག་ཏུ་སྤེལ་ཡོད་པའི་དུས་མཚུངས་སུ། སྟེགས་བུའི་སྟེང་མཛེས་ལྗོངས་ཁུལ97དང་གློག་རྡུལ་ཚོང་ལས་སྟེགས་བུ6། སྒེར་གྱི་ཚོང་པ་མང་པོས་ཞིང་ཆེན་ཡོངས་ཀྱི་མཛེས་ལྗོངས་ཁུལ19ཡི་སྤ་སེ་སྔོན་མངག་དང་། མགྲོན་ཁང1089སྔོན་བཀོད་། གློག་རྡུལ་ཚོང་ལས་སྟེགས་བུ2། རླངས་འཁོར་གླ་མཁན་ཀུང་སི2བཅས་ཀྱིས་རླངས་འཁོར་གླ་བའི་ཞབས་ཞུ་དངོས་འབེབས་ནས། མཚོ་སྔོན་དུ་ཡུལ་སྐོར་བར་གཞུང་ཕྱོགས་ཀྱི་མཛུབ་ཁྲིད་གྲོས་འགོ་འདོན་སྤྲོད་བྱས།

གཙོ་གནད་རྣམ་གྲངས་ཀྱི་གན་རྒྱ་འཇོག་ཡུལ་དུ་ཀྲུང་གོ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སི་དང་ཞེ་ཁྲེང་སྡེ་ཚོགས་སོགས་ཁེ་ལས་ཀྱིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་སོ་སོར་བཞག་པ་དང་། ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་ཁུལ་དང་གྲོང་ཁྱེར་སྲིད་གཞུང་གི་སྡེ་ཁག་དང་། འབྲེལ་ཡོད་ལས་ཁུངས། ཁེ་ལས་བཅས་དང་མཉམ་ལས་གྲོས་མཐུན་ཁག25བཞག  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号