ཝང་ཧུའུ་ཉིང་གིས་རྒྱལ་ཡོངས་སྲིད་གྲོས་ཚོགས་འདུར་མགོ་འཛིན་གནང་བ།

ཟླ6པའི་ཚེས26ཉིན། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉེར་གཅིག་པ་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མགོ་འཛིན་གནང་བ་མ་ཟད་གསུང་བཤད་གནང་།

སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉེར་གཅིག་པ་ཟླ6པའི་ཚེས26ཉིན་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མགོ་འཛིན་གནང་བ་མ་ཟད་གསུང་བཤད་གནང་།

ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། ཝང་ཧུའུ་ཉིང་གིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་དང་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན། སློབ་གླིང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན། ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས་ཞིབ་འཇུག་མང་ཙམ་དང་གྲོས་གཞི་མང་འདོན། ཐུན་མོང་གི་ངོས་འཛིན་མང་ཙམ་ཡོང་བ་བཅས་བྱེད་པར་ཁྲིད་སྟོན་བྱ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་ཉིང་ཞ་རུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ་སྲིད་གྲོས་ཨུ་ཡོན་རྣམས་ལ་རང་ངོས་ཀྱི་ལེགས་ཆ་དང་ཆེད་ལས་ཀྱི་དགེ་མཚན་གཞིར་བཟུང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཐབས་འདོན་ཇུས་འབུལ་བྱ་རྒྱུར་ཁྲིད་སྟོན་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས་ལོ100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ40འཁོར་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འགྲམ་ངོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་རྒྱ་ཆེར་གཏོང་བ་དང་། འགྲམ་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་ཆེད་ཐབས་འདོན་ཇུས་འབུལ་བྱེད་པ། འགྲམ་ངོགས་གཉིས་ཀྱིས་མཉམ་དུ་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ། འགྲམ་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཀྱི་སེམས་ཁམས་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་བའི་བྱ་བ་མང་ཙམ་སྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ལོག་སྔོན་འགོག་དང་ཐན་འགོག་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་འཕྲལ་བསྟུན་དོ་དམ་དང་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། སྒྲིག་ཆས་དང་དངོས་ཟོག་གསོག་འཇོག་དོ་དམ་སོགས་ལ་དམིགས་ནས་ཞིབ་འཇུག་བྱས་ཏེ་ཆུ་ལོག་སྔོན་འགོག་དང་ཐན་འགོག་བྱ་བ་ཡག་པོ་སྒྲུབ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུའི་སྟེང་གི2024ལོའི་ལོ་སྟོད་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཟླ7པའི་ཟླ་མཇུག་ཏུ་འཚོག་རྒྱུ་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པའི་སྟེང་ཡར་ཞུ་བྱ་རྒྱུ་རེད། 

གྲོས་ཚོགས་སྟེང་ད་དུང《སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་ཨུ་ཡོན་གྱིས་སྲིད་གྲོས་ཀྱི་སྒྲིག་ཡིག་ལས་འགལ་བའི་ཐག་གཅོད་བྱ་བའི་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ལ། ཝུའུ་དབྱིན་ཅའེ་ཡི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་དང་། རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་གོ་གནས་མེད་པར་གཏོང་རྒྱུ་དང་། དེའི་ཨུ་ཡོན་གྱི་ཐོབ་ཐང་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན(འཆར་ཟིན)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་རེད། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཏུང་ཧྥིན་དང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་ཝའེ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམིགས་ནས་གཏམ་བཤད་གནང་། ཝང་ཏུང་ཧྥིན་སོགས་ཀྱིས་འབྲེལ་ཡོད་གྲོས་གཞི་གསལ་བཤད་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲིན་ཡའོ་ཡའོ་དང་ཝང་ཡུང་། ཀྲོའུ་ཆང་། ལེའང་ཀྲིན་དབྱིན། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཁྲེན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཅང་ཙུའོ་ཅུན། ཝང་ཀོང་ཆན། ཆིན་པའོ་ཡུང་བཅས་གྲོས་ཚོགས་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号