སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས11.5%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས27ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་བ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས3.4%འཕར་ནས་ལོ་འགོ་ཚུན་རྒྱུན་མཐུད་འཕར་བའི་རྣམ་པ་མངོན་ཡོད་པ་རེད།

བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་མུ་མཐུད་བསྐྱར་འཕར་བྱུང་ཞིང་། ཟླ་བ་དང་པོ་ནས་ལྔ་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་དུས་མཚུངས་ལས2.9%འཕར་བ་དང་འཕར་ཚད་ཟླ་བ་དང་པོ་ནས་བཞི་པ་བར་ལས་བརྒྱ་ཆའི་གྲངས0.3མགྱོགས་སུ་ཕྱིན་ནས་ཟླ་བ་གཉིས་བསྟུད་མར་མགྱོགས་སུ་ཕྱིན་ཡོད་པ་རེད། ཟླ་དེར་བལྟས་ན། ཟླ་བ5པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་དུས་མཚུངས་ལས3.8%འཕར་བ་དང་འཕར་ཚད་ཟླ་བ4པ་ལས་བརྒྱ་ཆའི་གྲངས0.5མགྱོགས་སུ་ཕྱིན་ཡོད་པ་རེད།

    ལས་རིགས་བཅུ་ཆ་བརྒྱད་ཀྱི་ཁེ་སྤོགས་འཕར་ཞིང་། ཟླ་དང་པོ་ནས་ལྔ་པའི་བར་བཟོ་ལས་ཀྱི་རིགས་ཆེ་བའི་ལས་རིགས41གི་ནང་ལས་རིགས32ཀྱི་ཁེ་སྤོགས་དུས་མཚུངས་ལས་འཕར་ནས78%བཟུང་བ་དེ་ལས་རིགས་འཕར་བའི་ངོས་དེ་ཟླ་དང་པོ་ནས་བཞི་པ་བར་ལས་བརྒྱ་ཆའི་གྲངས2.4ཆེ་རུ་ཕྱིན་ཡོད་པ་རེད། རིགས་དབྱེ་ནས་བལྟས་ན། བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས6.3%འཕར་ནས་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་། གློག་ཤུགས་དང་། ཚ་ཤུགས། སོལ་རླངས་བཅས་དང་དེ་བཞིན་ཆུ་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་ཁེ་སྤོགས29.5%འཕར་ནས་མགྱོགས་མྱུར་འཕར་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།

སྒྲིག་ཆས་བཟོ་སྐྲུན་ལས་རིགས་དེ་ཁེ་སྤོགས་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཞིང་། ཟླ་དང་པོ་ནས་ལྔ་པའི་བར་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས11.5%འཕར་བ་དང་འཕར་ཚད་དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ལས་བརྒྱ་ཆའི་གྲངས8.1གིས་མཐོ་བ་ཡོད་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཁེ་སྤོགས་བརྒྱ་ཆའི་གྲངས3.6འཕར་བར་སྐུལ་ཁྲིད་བྱས་ཡོད། ལས་རིགས་དབྱེ་ནས་བལྟས་ན། རིག་ནུས་ལག་ཐོགས་ཁ་པར་དང་། ལག་རྩལ་མཐོ་བའི་གྲུ་གཟིངས། རླངས་འཁོར་སོགས་ཐོན་རྫས་ཐོན་སྐྱེད་མགྱོགས་པོ་འཕར་བར་ཕན་པ་ཐོབ་པ་དང་གློག་རྡུལ་ལས་རིགས་ཀྱི་ཁེ་སྤོགས56.8%འཕར་བ་དང་། ལྕགས་ལམ་དང་། གྲུ་གཟིངས། མཁའ་འགྲུལ། འཇིག་རྟེན་འཕུར་སྐྱོད་བཅས་སྐྱེལ་འདྲེན་སྒྲིག་ཆས་ལས་རིགས་ཀྱི་ཁེ་སྤོགས36.3%འཕར་བ་དང་རླངས་འཁོར་ལས་རིགས་ཀྱི་ཁེ་སྤོགས17.9%འཕར་ཡོད་པ་རེད།

   འཛད་རྫས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་དང་པོ་ནས་ལྔ་པའི་བར་འཛད་རྫས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས10.9%འཕར་ཡོད། ལས་རིགས་དབྱེ་ནས་བལྟས་ན། འཛད་རྫས་བཟོ་སྐྲུན་ལས་རིགས་ཆེ་གྲས13གྱི་ཁེ་སྤོགས་ཚང་མ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号