མཚོ་སྔོན་གློག་དྲའི་ཆན་ཧྥུའུ750ཟིན་པའི་གློག་གནོན་སྒྱུར་ཆས་གཙོ་བོ་ཐོག་མ་དེ་བདེ་བླག་ངང་བརྗེས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཆན་ཧྥུའུ750ཟིན་པའི་ཀོན་ཐིང་གློག་སྒྱུར་ས་ཚིགས་ཀྱི་གློག་གནོན་སྒྱུར་ཆས་གཙོ་བོ་དང་པོ་སྤྱོད་འགོ་ཚུགས་ནས་གློག་མཁོ་འདོན་སླར་གསོ་བདེ་བླག་བྱུང་ཡོད། དེར་བརྟེན། མཚོ་སྔོན་གློག་དྲའི་ཆན་ཧྥུའུ750ཟིན་པའི་གློག་གནོན་སྒྱུར་ཆས་གཙོ་བོ་ཐོག་མ་བདེ་བླག་ངང་བརྗེས་ཐུབ་པ་དེས་གློག་དྲ་འཁོར་རྒྱུག་བྱེད་ནུས་ཆེ་རུ་དང་ལྗང་མདོག་གློག་གཏོང་བརྟན་དུ་ཕྱིན་ནས་དབྱར་གློག་མཁོ་སྤྲོད་འགན་ལེན་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གནས་པའི་ཆན་ཧྥུའུ750ཟིན་པའི་ཀོན་ཐིང་གློག་སྒྱུར་ས་ཚིགས་ནི་རང་རྒྱལ་གྱི་ཆན་ཧྥུའུ750ཟིན་པའི་གློག་གཏོང་གློག་སྒྱུར་གྱི་ལས་གྲྭ་ཐོག་མ་ཡིན་པ་མ་ཟད། ཀོན་ཐིང་ནས་ལན་ཀྲོའུ་བར་གྱི་ཤར་རྒྱུད་གློག་གཏོང་གློག་སྒྱུར་གྱི་དཔེ་སྟོན་ལས་གྲྭའི་འགོ་འཛུགས་ས་ཞིག་ཀྱང་ཡིན་པས། 2005ལོར་སྤྱོད་འགོ་ཚུགས་པ་ནས་བཟུང་། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་གློག་དྲ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐས་རིམ་ཆུ་ཤུགས་གློག་ཁང་མང་པོ་དང་སྦྲེལ་ནས་གློག་གཏོང་ལས་འགན་འཁུར་བཞིན་ཡོད་པས་མཚོ་སྔོན་གྱི་ནུས་རྒྱུ་གཙང་མ་ཕྱིར་གཏོང་བྱེད་སའི་ཤར་སྒོ་ལྟ་བུར་གྱུར་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号