ཀྲུང་དབྱང་ནོར་སྲིད་ཀྱིས་སྔར་ལས་ལྷག་པར་མ་དངུལ་སྒོར་ཁྲི4500བཏང་ནས་ཞོད་དུས་ཀྱི་གཞུང་ལམ་འཕྲལ་བསྟུན་མྱུར་སྐྱོབ་ལ་རོགས་སྐྱོར་བྱས་པ།

གསར་འགོད་པས་ཚེས30ཉིན་ནོར་སྲིད་པུའུ་ནས་རྒྱུས་ལོན་པ་ལྟར་ན། ནོར་སྲིད་པུའུ་ཡིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་མཉམ་དུ་ཟླ6པའི་ཟླ་སྨད་དུ་མུ་མཐུད་དུ་མ་དངུལ་སྒོར་ཁྲི4500བཏང་ནས། ཨན་ཧུའེ་དང་ཧུའུ་པེ། ཁྲུང་ཆིན། ཧེ་ལུང་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར4ཡིས་ཞོད་དུས་སུ་གཞུང་ལམ་གྱི་གནོད་སྐྱོན་འཕྲལ་བསྟུན་མྱུར་སྐྱོབ་བྱ་བ་ལེགས་པོར་སྒྲུབ་པར་རོགས་སྐྱོར་བྱས།

འདིའི་ཡར་སྔོན་དུ། ནོར་སྲིད་པུའུ་ཡིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་མཉམ་དུ་མ་དངུལ་སྒོར་དུང་ཕྱུར1.05བཏང་ནས། ཀོང་ཏུང་དང་ཀོང་ཞི། ཀྲེ་ཅང་། ཧྥུའུ་ཅན། ཅང་ཞི། ཧུའུ་ནན། ཀོས་ཀྲོའུ་སོགས་ཞིང་ལྗོངས7གྱིས་གཞུང་ལམ་མྱུར་སྐྱོབ་ལ་རོགས་སྐྱོར་བྱས།

མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིར་བཏང་བའི་མ་དངུལ་དག་ས་གནས་ཀྱིས་ཤུགས་ཆེན་པོས་རི་ཉུལ་བ་དང་ལམ་གཞི་རྡིབ་པ་སོགས་ལས་ཐོན་པའི་གཞུང་ལམ་གྱི་གནོད་སྐྱོན་དང་ལམ་མཚམས་ཆད་པར་རོགས་སྐྱོར་བྱེད་པ་དང་། ཞོད་དུས་ཀྱི་གནོད་ཐེབས་གཞུང་ལམ་ཤར་གཏོང་བྱས་ནས། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཕྱིར་སྐྱོད་ལ་འགན་སྲུང་བྱ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号