ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་སྤྱི་ཁྱབ་གསར་པར་རྟེན་འབྲེལ་ཞུས།

ཟླ7པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་མན་ཧྲ་མོ་སེ་ཐིང་ལ་གློག་འཕྲིན་བཏང་གནང་ནས། ཁོང་ཨོ་སི་ཁྲུ་ལི་ཡའི་སྤྱི་ཁྱབ་ལ་བསྐོ་བཞག་བྱས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་ཕན་ཚུན་མཉམ་ལས་རོགས་པ་གལ་ཆེན་ཞིག་ཡིན་པ་དང་། ཚང་མ་ནི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཁོངས་གཏོགས་གལ་ཆེན་དང་འཛམ་གླིང་སྣེ་མང་ཅན་འཕེལ་རིམ་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་རེད། སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་བའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བ་དང་ཡུན་རིང་གི་ཁེ་ཕན་དང་མཐུན་ཡོད་ལ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་། གོང་འཕེལ། དར་རྒྱས་བཅས་ལའང་ཕན་ཐོགས་ཡོད། ང་རང་ནས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཨོ་སི་ཁྲུ་ལི་ཡ་དང་མཉམ་དུ་འབད་བརྩོན་བྱས་ཐོག ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བཅས་ཀྱི་རྩ་དོན་ལ་གཞིགས་ནས། དེ་བས་འཐུས་ཚང་བརྟན་པོ་དང་། དེ་བས་གྲུབ་འབྲས་ལྡན་པའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་འདོད་ཡོད་ཅེས་བསྟན་གནང་ཡོད།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号