སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་འགྲན་བསྡུར་བྱ་འགུལ་སྤེལ།

ཟླ6པའི་ཚེས27ཉིན་ནས་ཚེས28ཉིན་བར། སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་འགྲན་བསྡུར་བྱ་འགུལ(“འགྲན་བསྡུར་ཆེན་མོ”རུ་འབོད)ཟི་ལིང་དུ་སྤེལ། 

ཐེངས་འདིའི་འགྲན་བསྡུར་ཆེན་མོར་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཕྱོགས་བསྡུས་འགྲན་བསྡུར་དང་། ཆེད་དོན་འགྲན་བསྡུར་གཉིས་སུ་བགོས་ཡོད་ཅིང་། ཚོད་ལྟའི་དབྱེ་ཞིབ་དང་། འབག་བཙོག་མགོ་ཁུངས་ལྟ་ཞིབ་ཚད་ལེན། འཕྲལ་བསྟུན་ལྟ་སྐུལ་ཚད་ལེན། མཁའ་དབུགས་སྤུས་ཚད་རང་འགུལ་ལྟ་ཞིབ་ཚད་ལེན་དང་། འཕྲོ་འགྱེད་འཕྲལ་བསྟུན་ལྟ་ཞིབ་ཚད་ལེན། འཕྲོ་འགྱེད་ཅན་གྱི་ཚོད་ལྟའི་དབྱེ་ཞིབ་བཅས་ཁྱོན་འགྲན་བསྡུར་རྣམ་གྲངས6ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་འགྲན་ཞུགས་པ67ཞུགས་ཡོད་ཅིང་། རྣམ་གྲངས་རེར་འགྲན་ཞུགས་པ2ཀྱིས་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་བསྡུར་ཁྲོད་ཞུགས་རྒྱུ་རེད། 

ལྟ་ཞིབ་ཚད་ལེན་གཞི་གྲངས་སྤུས་ཚད་ནི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་སྲོག་རྩ་ཡིན་པ་དང་། སྐབས་འདིའི་འགྲན་བསྡུར་ཆེན་མོ་ནི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཆེད་ལས་ལག་རྩལ་མི་སྣའི་ནུས་ཤུགས་ཆུ་ཚད་འགྲན་བསྡུར་གྱི་ཚོད་ལྟ་ཞིག་ཡིན། འགྲན་བསྡུར་ཡུལ་དངོས་སུ་གསར་འགོད་པའི་མཐོང་བ་ལྟར་ན། འགྲན་ཞུགས་པ་རེ་རེས་གཟབ་ནན་གྱི་རྣམ་འགྱུར་གྱིས་འགྲན་བསྡུར་ཁྲོད་ཞུགས་པ་དང་། སྒེར་གྱི་སྤུས་ཚད་དང་ནུས་ཤུགས་ངོམས་པ་རེད། མཚོ་སྔོན་ཞིང་ཆེན་འཕྲོ་འགྱེད་ཁོར་ཡུག་ལས་སྒྲུབ་ས་ཚིགས་ཀྱི་ལག་རྩལ་པུའུ་ཡི་ཀྲུའུ་རེན་ཞོས་ལིའི་ཡིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཆེད་ལས་ལག་རྩལ་མི་སྣའི་འགྲན་བསྡུར་ཆེན་མོ་སྤེལ་བ་འདིས། ཁྱོན་ཡོངས་ནས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གཏན་ཁེལ་དང་།“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ཀྱི་བྱེ་བྲག་གི་བྱེད་སྟངས་ཡིན་ལ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ཆེད་ལས་ལག་རྩལ་མི་སྣའི་འཇོན་མི་གསོ་སྐྱོང་ལ་སྐུལ་འདེད་བྱེད་པར་ཕན་ལ། དེང་རབས་ཅན་གྱི་མཚོ་སྔོན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བར་ཕན་པ་ཡོད་ཅེས་བསྟན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号