ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་གིས་ལྟ་སྐོར་པ་མི་ཐེངས་ཁྲི350སྣེ་ལེན་བྱས་པ།

ཀྲུང་གོ་གུང་ཁྲན་ཏང་གིས་ཏང་བཙུགས་ནས་ལོ་འཁོར103ལོན་པའི་སྐབས་འདིར། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་གིས་ཡང་བསྐྱར་ལྟད་སྐོར་གྱི་མཐོ་རླབས་ཐེངས་ཤིག་བསུས་པ་རེད། གསར་འགོད་པས་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་ནས་རྒྱུས་ལོན་པ་ལྟར་ན། 2021ལོའི་ཟླ6པའི་ཚེས18ཉིན་སྒོ་ཕྱེས་པའི་ཚུན། ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་གིས་བསྡོམས་པས་ལྟ་སྐོར་པ་མི་ཐེངས་ཁྲི350ལྷག་སྣེ་ལེན་བྱས་པ་དང་། ཚོགས་པ་ཁྲི1ལྷག་སྣེ་ལེན་བྱས་ལ། དེའི་ནང་ན་གཞོན་མི་ཐེངས་ཁྲི55ཡོད།

རྒྱུས་ལོན་པ་ལྟར་ན། ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་གིས་ཉེ་ལམ་ཆེད་དམིགས་ཀྱིས་སྒྲིག་ཁྲིམས་འཛུགས་སྐྲུན་ཐད་ཀྱི་འབྲེལ་ཡོད་ནང་དོན་འགྲེམ་སྟོན་དག་སྒྲིག་བྱས་པ་དང་། གཙོ་བོ་འགྲེལ་བཤད་དང་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ། རྒྱ་ཆེའི་ཏང་ཡོན་དང་མི་དམངས་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེ་བའི་ལོ་རྒྱུས་ལ་རོལ་མྱོང་བྱེད་པའི་དུས་མཚུངས་སུ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་གྱི་གལ་ཆེའི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་བུ་བཅུག་ཡོད།

ཏང་གི་ལོ་རྒྱུས་ནི་ཆེས་གསོན་ཉམས་ལྡན་པ་དང་ཆེས་འགུག་ཤུགས་ཆེ་བའི་བསླབ་གཞི་ཡིན་ཞེས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་མགོ་གཙོ་ཝུའུ་ཞང་ཏུང་གིས་བཤད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གལ་ཆེའི་ནང་དོན་ལ་དམ་འཛིན་བྱས་ཏེ། གསར་བརྗེའི་རིག་དངོས་རིན་ཐང་དང་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་གི་སློབ་གསོའི་བྱེད་ནུས་འདོན་སྤེལ་བྱས་ནས་སློབ་སྦྱོང་སློབ་གསོའི་དངོས་འབེབས་ལ་རམ་འདེགས་བྱེད་དགོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号