ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ན་གཞོན་གྱི་ལང་ཚོ་དང་མཉམ་སྐྱོད་བྱེད་པའི་བརྗེ་རེས་ཚོགས་པར་སྐུལ་ལྕག་གནང་བ།

ཟླ7པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ན་གཞོན་གྱི་ལང་ཚོ་དང་མཉམ་སྐྱོད་བྱེད་པའི་བརྗེ་རེས་ཚོགས་པར་སྐུལ་ལྕག་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཨ་འབྲེལ་བའི་རེ་བ་ནི་མི་དམངས་ཡིན་ཞིང་རྨང་གཞི་ནི་དམངས་ཁྲོད་དུ་ཟུག་ཡོད་པས། མ་འོངས་པ་ནི་ན་གཞོན་ལ་རག་ལས་ཤིང་གསོན་ཤུགས་ནི་ས་གནས་སུ་ཆགས་ཡོད། ཁྱེད་ཚོས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ། ཀྲུང་གོར་ཤེས་རྟོགས་དང་ཀྲུང་གོར་ཉམས་ཞིབ། ཀྲུང་གོར་རྒྱུས་ལོན་བྱས་ཏེ། ཀྲུང་གོའི་ན་གཞོན་དང་བརྗེ་རེས་མཉམ་འགུལ་བྱས་ནས་རོགས་ཟླ་བཟང་པོ་དང་གྲོགས་པོ་བཟང་པོར་འགྱུར་བར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་སྔར་ལས་ཤེས་རྟོགས་དང་སྔར་ལས་མཛའ་བརྩེའི་ཟམ་པ་བཙུགས་ནས། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་གཏིང་ཟབ་དུ་གཏོང་བའི་ཐད་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད།

ཨ་རིའི་ན་གཞོན་གྱི་ལང་ཚོ་དང་མཉམ་སྐྱོད་བྱེད་པའི་བརྗེ་རེས་ཚོགས་པ་དེ་ཨ་རིའི་མངའ་སྡེ7གྱི་སློབ་འབྲིང14ཡི་དགེ་སློབ་འཐུས་མི190ལྷག་གིས་གྲུབ་ཡོད་པ་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱིས་གདན་ཞུ་བྱས་པ་མ་ཟད་སྣེ་ལེན་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号