ཉེ་ཆར། ཟི་ལིང་གི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་སྒོ་འབྱེད་ཁུལ་ཏུང་ཁྲོན་བཟོ་ལས་གླིང་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་རུང་ཏཱ་ལྗང་མདོག་ཐཱན་ཉུང་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་ཟི་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཐཱན་གཉིས་ཐོན་ལས་ཞབས་ཞུ་ལྟེ་གནས་ཀྱི་ལས་གཞི་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་ལ་མིང་རྟགས་བཀོད་པར་མ་ཟད་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།

ལྟེ་གནས་དེ་ཐཱན་འདུས་གསར་སྤེལ་དང་ཉོ་ཚོང་གི་སྟེགས་བུ་ཡིན་པའི་ཆ་ནས།  ལྟེ་གནས་གཅིག་དང་སྟེགས་བུ་ལྔ་བསྐྲུན་རྒྱུ་ཡིན་ལ། ནུབ་བྱང་ས་ཁུལ་གྱི་ཐཱན་འདུས་དུས་བཅད་ཚོང་རྫས་ཉོ་ཚོང་ལྟེ་གནས་བསྐྲུན་ནས།  ཐཱན་རྒྱུ་ནོར་དངུལ་གཏོང་གསར་སྤེལ་དང་། ཐཱན་རྒྱུ་ནོར་ཉོ་ཚོང་ཞབས་ཞུ། ཐཱན་རྗེས་ཤུལ་དོ་དམ་མ་ལག ཐཱན་གཉིས་ཐོན་ལས་གཞི་གྲངས་ཆེན་མོ་དང་ནུས་ཁུངས་གསར་བ་བཅས་སྟེགས་བུ་ཆེན་མོ་ལྔ་བསྐྲུན་དགོས། ལས་གཞིས་ནུབ་རྒྱུད་ས་ཁུལ་གྱི་ཐཱན་འདུས་གསར་སྤེལ་དང་དུས་བཅད་ཚོང་རྫས་ཉོ་ཚོང་ལྟེ་གནས་བསྐྲུན་པའི་འཆར་གཞི་བཀོད་དེ། གླིང་ཁུལ་དང་ཞིང་ཆེན་དང་གྲོང་ཁྱེར་གྱི་ལྗང་མདོག་ཐཱན་ཉུང་ཐོན་ལས་རྒྱུན་མཐུད་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

ཉེ་བའི་ལོ་འགའི་རིང་། ཏུང་ཁྲོན་བཟོ་ལས་གླིང་ཁུལ་གྱིས་ཐཱན་གཉིས་ཀྱི་འཐབ་ཇུས་དམིགས་འབེན་ལག་བསྟར་བྱས་ནས། མགྱོགས་མྱུར་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཞིང་། ཐོན་ལས་ཀྱི་གནས་བཞི་བཙུགས་པ་དང་། རང་འགུལ་གྱིས་རིམ་པ་མང་ལ་ཐབས་ལམ་མང་པའི་གསར་སྤེལ་རྣམ་པ་འཚོལ་ཞིབ་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མའི་ལས་གཞི་མགྱོགས་མྱུར་སྒོས་བསྡུ་འགུག་བྱས། གླིང་ཁུལ་གྱིས་ལས་གཞི་དེ་འཛུགས་སྐྲུན་བྱེད་པ་གོ་སྐབས་སུ་བརྩིས་ནས། མགྱོགས་མྱུར་སྒོས་ཐཱན་འདུས་ཉོ་ཚོང་ཐོན་ལས་ཀྱི་རྣམ་པ་འཆར་འགོད་བྱེད་པ་དང་། ཁེ་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་ཁྲིད་སྟོན་བྱེད་ཅིང་། མགྱོགས་མྱུར་སྒོས་ཕྱོགས་ཡོངས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ཐཱན་ཉོ་ཚོང་ཁྲོམ་རར་ཞུགས་ཏེ། ཐཱན་གཉིས་ཀྱི་དམིགས་འབེན་སྔ་ས་ནས་མངོན་འགྱུར་འབྱུང་བར་ཧུར་ཐག་གིས་བྱས་རྗེས་འཇོག་རྒྱུ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号