རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས།

རྒྱལ་ཁབ་དང་སྲིད་ཏང་མང་བོའི་མགོ་ཁྲིད་པས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་བཏང་བའམ་འཕྲིན་ཡིག་བསྐུར་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

ཐེ་གོའི་རྒྱལ་བོ་ཝ་ཅི་ལཱ་ལུང་ཀུང་གིས་བསྟན་དོན། ཐེ་གོ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཐོག་མཐའ་བར་གསུམ་དུ་གྲོགས་པོ་དང་སྤུན་ཟླ་བཟང་བོར་རློམ་ཡོད། ཐེ་གོ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་གི་ཞི་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མཱ་ལེ་ཞི་ཡཱའི་ཆེས་མཐོའི་གཙོ་འཛིན་དབྱེ་པུའུ་ལཱ་ཞིན་གྱིས་བསྟན་དོན། མཱ་ལེ་ཞི་ཡཱ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ50འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་མཐུན་སྒྲིལ་མཉམ་ལས་བྱས་ཏེ་ཐུན་མོང་གི་དམིགས་འབེན་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ཝུན་ལའེ་ཡི་མགོ་ཁྲིད་པ་ཧཱ་སིང་ནཱ་ཨར་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་མགོ་ཁྲིད་འོག ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རླབས་ཆེན་བའི་གྲུབ་འབྲས་བླངས་ནས། ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་དང་ས་ཁུལ་གྱི་རོགས་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་ཕན་བདེ་བསྐྲུན་འདོད་ཡོད་ཟེར།

མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་གྲོས་འགོ་ཆེན་མོ་གསུམ་གྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ཞི་བདེ་མཉམ་གནས་དང་ཕན་ཚུན་བརྩི་འཇོག བརྗེ་རེས་དཔེར་ལེན། མཛེས་སྡུག་གི་མ་འོངས་པ་མཉམ་བསྐྲུན་བཅས་ཀྱི་དམིགས་འབེན་དང་འདུ་ཤེས་བརྒྱུད་སྒྲོག་བྱས་ཡོད། མོང་གོལ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས་མོང་གོལ་དང་ཀྲུང་གོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ནེ་པཱ་ལཱའི་ཙུང་ཐུང་པའོ་ཏི་ཨར་གྱིས་བསྟན་དོན། ནེ་པཱ་ལཱ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་ཡིད་ཆེས་བྱེད་པའི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ་ཡིན། ནེ་པཱ་ལཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་ཟབ་དང་རྒྱ་བསྐྱེད་བྱེད་འདོད་ཡོད་ཟེར།

སིང་ག་ལཱའི་ཙུང་ཐུང་ཏིས་སཱ་ནཱ་ཡཱ་ཁི་ཡིས་བསྟན་དོན། ཀྲུང་གོས་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོས་སིང་ག་ལཱར་སྐུལ་མ་ཆེན་པོ་ཐེབས་ཡོད་ལ། ཀྲུང་གོའི་མི་དམངས་ཀྱིས་སྔར་ལས་ལྷག་པའི་གྲུབ་འབྲས་ཆེན་པོ་ལོན་པའི་སྨོན་འདུན་ཞུ་ཟེར།

མར་ཏའེ་ཝེའི་ཙུང་ཐུང་མུའུ་དབྱེ་ཙི་ཡིས་ཀྲུང་གོས་བླངས་པའི་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་དང་། མར་ཏའེ་ཝེ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་དུས་ཡུན་རིང་བོའི་མཛའ་མཐུན་ཟབ་མོར་མཐོང་ཆེན་བྱེད་ཅིང་། ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་དང་། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་སོགས་ཀྱི་ཐུན་མོང་རིན་ཐང་ལྟ་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད། མར་ཏའེ་ཝེ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ་ཡིས་བསྟན་དོན། ཀྲུང་གོས་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་པ་དང་། རྒྱལ་སྤྱིའི་གོ་གནས་མཐོར་འདེགས་བྱུང་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་མཐོ་ཚད་གསར་བ་ཞིག་ཏུ་བསླེབ་ཐུབ་ངེས་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་གྲོས་འགོ་ཆེན་པོ་གསུམ་པོ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཁེ་ཕན་དང་འཚམ་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་གཞི་ལས་ཅིར་ཅི་སི་སི་ཐན་དང་ཀྲུང་གོའི་དངོས་གཉེར་མཉམ་ལས་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱས་ཡོད་ཟེར།

ནོའུ་ལུའུ་ཡི་ཙུང་ཐུང་ཨ་ཏིས་ཨང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མིག་རྒྱང་རིང་བོ་དང་སྤྱིར་བཏང་མིན་པའི་མགོ་ཁྲིད་ནུས་པས་རྒྱལ་ཁབ་སོ་སོའི་འཆམ་མཐུན་མཉམ་གནས་དང་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ཕན་བདེ་ཇེ་ཆེར་བཏང་ཡོད། ནོའུ་ལུའུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ནོའུ་ལུའུ་དང་ཀྲུང་གོའི་འབྲེལ་བར་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

པཱ་པུའུ་ཡཱ་ཀུའེ་ནེ་ཡཱ་གསར་བའི་ཙུང་ཏུའུ་ཏཱ་ཏཱ་ཨེ་ཡིས་བསྟན་དོན། པཱ་པུའུ་ཡཱ་ཀུའེ་ནེ་ཡཱ་གསར་བས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ་དང་། མུ་མཐུད་དུ་ཀྲུང་གོའི་བར་གྱི་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།

ཧྥེ་ཅིའི་ཙུང་ཐུང་ཁཱ་ཐའོ་ནེ་ཝེ་ལོས་ཀྱིས་བསྟན་དོན། ཧྥེ་ཅི་དང་ཀྲུང་གོའི་བར་གྱི་མཛའ་བརྩེ་སྲ་བརྟན་ཡིན་པ་དང་། ཧྥེ་ཅི་ཕྱོགས་ཀྱིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ནས་ཧྥེ་ཅི་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་བསྟན་དོན། ཀྲུང་གོ་ནི་འཛམ་གླིང་གི་ཡུན་རིང་ཞི་བདེ་དང་གཏན་འཇགས་སྲུང་སྐྱོབ་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། འདྲ་མཉམ་གཉིས་ཕན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་གདོང་མཆོང་སྟོབས་ཤུགས་སུ་གྱུར་ཡོད། ཝེ་ནེ་ཙུའེ་ལཱ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཀྲུང་གོའི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོར་རྒྱབ་སྐྱོར་བྱེད་པ་དང་། ཧུར་ཐག་སྒོས་ཀྲུང་གོས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་སོགས་ཀྱི་གྲོས་གཞིའི་ནང་ཞུགས་བཞིན་ཡོད་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་སྔར་ལས་འོད་སྟོང་ལྡན་པའི་མ་འོངས་པ་གསར་བསྐྲུན་བྱེད་འདོད་ཡོད་ཟེར།

ཨ་ཀིན་ཐིན་གྱི་ཙུང་ཐུང་མུས་ལའེ་ཡིས་བསྟན་དོན། ཨ་ཀིན་ཐིན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བ་མཐོང་ཆེན་བྱེད་ཅིང་། སྔར་ལས་ལྷག་པའི་སྒོ་ནས་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་མཉམ་ལས་དང་མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བ། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་རྒྱ་བསྐྱེད་དེ། ཨ་ཀིན་ཐིན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

སོ་ལོ་མིན་གླིང་ཚོམས་ཀྱི་ཙུང་ལི་མཱ་ནེ་ལའེ་ཡིས་བསྟན་དོན། འཛམ་གླིང་ཡོངས་ཀྱིས་ཀྲུང་གོས་རྒྱལ་ཁབ་རང་གི་གནས་ཚུལ་ལ་གཞིགས་ནས་དེང་རབས་ཅན་གྱི་བགྲོད་ལམ་གསར་འབྱེད་བྱས་པར་བདེན་དཔང་བྱས་པ་དང་། ཀྲུང་གོས་བླངས་པའི་སྤྱིར་བཏང་མིན་པའི་འཕེལ་རྒྱས་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད། སོ་ལོ་མིན་གླིང་ཚོམས་ཕྱོགས་ཀྱིས་ཀྲུང་གོའི་བར་ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་འདོད་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号