རྒྱལ་གཅེས་དང་བློས་གཏོང་གི་བསམ་པའི་ལས་གནས་བརྟན་སྲུང་བྱས་ཏེ། འབད་འཐབ་དངོས་སྒྲུབ་ཀྱིས་མ་འོངས་པ་གསར་གཏོད་བྱེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ཡིན། སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་བྱ་སྤྱོད་ཡག་ཤོས་ནི་སྔར་བྱུང་མྱོང་མེད་པའི་རླབས་ཆེན་གྱི་ལས་དོན་རྒྱུན་ཆད་མེད་པར་གོང་ནས་གོང་དུ་སྤེལ་རྒྱུ་དེ་རེད། རྒྱལ་སྟོན་གུང་གསེང་གི་སྐབས་སུ། ལས་རིགས་སོ་སོའི་ངལ་རྩོལ་པ་གྲངས་ལས་འདས་པ་ཞིག་གིས་བློས་གཏོང་གི་བསམ་པས་ལས་གནས་བརྟན་སྲུང་བྱེད་ཀྱིན་ཡོད་པ་དང་། འབད་འཐབ་དངོས་སྒྲུབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱས་ཏེ་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཉམས་ལྡན་པའི་ལེའུ་བརྩམས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དུས་རབས་གསར་པའི་སྐྱོད་ལམ་གསར་པར་ཀྲུང་གོ་མི་དམངས་ཀྱིས་འོད་སྟོང་འབར་བའི་གྲུབ་འབྲས་སྔར་མས་མང་པོ་ལོན་ངེས་ཡིན་པ་དང་། མིའི་རིགས་ཀྱི་ཞི་བདེ་འཕེལ་རྒྱས་ཀྱི་བླ་ན་མེད་པའི་ལས་དོན་གྱི་ཆེད་དུ་བྱས་རྗེས་སྔར་ལས་ཆེ་བ་འཇོག་ངེས་རེད། དམིགས་འབེན་གྱིས་མི་རྣམས་ལ་སྐུལ་འདེད་གཏོང་བ་དང་དངོས་སྒྲུབ་ཀྱིས་མ་འོངས་པ་བསྐྲུན་དགོས། རྒྱལ་སྟོན་གུང་གསེང་གི་སྐབས་སུ། ཕྱོགས་བཞི་མཚམས་བརྒྱད་ཀྱི་གཙོ་གནད་བཟོ་སྐྲུན་གྱི་ལས་ཡུལ་མང་པོ་ཞིག་ཏུ་བྲེལ་འཚུབ་ཀྱིས་ཁེངས་པ་དང་། འཛུགས་སྐྲུན་པ་ཚོས་ཉིན་མཚན་དབྱེར་མེད་དུ་འབད་འཐབ་བྱེད་པ་དང་ནུས་ཤུགས་ཡོད་རྒུས་མཁྲེགས་གཏོར་བྱེད་བཞིན་ཡོད།

ཐེན་ཧྲན་རི་བོ་འཕྲེད་ཀྱིས་བརྒལ་བའི་མྱུར་བགྲོད་གཞུང་ལམ་དང་པོ་སྟེ། ཞིན་ཅང་ཝུའུ་ཝེ་མྱུར་བགྲོད་གཞུང་ལམ་གྱི་ཐན་ཧྲན་རྒྱལ་ཁའི་ཕུག་ལམ་འཛུགས་སྐྲུན་བྱ་ཡུལ་དུ། བཟོ་པ་སྟོང་ལྷག་གིས་ལས་གནས་བརྟན་སྲུང་བྱས་ནས། རིག་ནུས་ཅན་གྱི་འཕྲུལ་ཆས་སྒྲིག་ཆས་ལ་སྐུལ་འདེད་གཏོང་བའི་ལས་ཆོད་ཆེ་རུ་བཏང་སྟེ་ལས་ཀར་འབད་ཀྱིན་ཡོད་ལ། སྔོན་དཔག་བྱས་ན་ལོ་མཇུག་ཏུ་ཤར་གཏོང་ཐུབ་རྒྱུ་རེད།

རྒྱལ་ཁབ་ཀྱི“འཕྲེད་བརྒྱད་གཞུང་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་གྲུབ་ཆ་གལ་ཆེན་ཡིན་པའི་ཧྲང་ཧའེ་དང་ཁྲུང་ཆིན་ནས་ཁྲིན་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཧྲང་ཧའེ་དང་ཉིན་ཞཱའི་དུམ་བུའི་འཛུགས་སྐྲུན་ལས་ཡུལ་དང་། ཧྲན་ཞིས་ཞི་ཨན་ནས་ཧུའུ་པེའི་ཧྲི་ཡན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཆིན་ལིན་ཕུག་ལམ་སྒྲོལ་བའི་སྔོག་འདོན་བྱ་ཡུལ། ཧྥུའུ་ཀྲིག་ཁྲང་ལི་རྒྱལ་སྤྱིའི་གནམ་གྲུ་ཐང་གི་མཁའ་འགྲུལ་ས་ཚིགས་གསར་པའི་བཟོ་སྐྲུན་ལས་ཡུལ་བཅས་སུ་འཛུགས་སྐྲུན་པ་ཚོས་ལས་ཡུན་དམ་འཛིན་གྱིས་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་།

ཀོང་ཀྲིག་ནན་ཧྲ་ཁུལ་དང་ཏུང་ཀོན་ཧུའུ་མིན་གྲོང་རྡལ་དང་འབྲེལ་བའི་ཧྲི་ཙི་ཡང་བགྲོད་ལམ་ནི། ཞང་ཀང་དང་ཨོ་མིན་བཅས་མཚོ་ཁུགས་ཆེན་པོའི་རིམ་འདས་བཟོ་སྐྲུན་གཞན་ཞིག་རེད། རྒྱལ་སྟོན་གུང་གསེང་གི་སྐབས་སུ། འཛུགས་སྐྲུན་པ6000ལྷག་ཙམ་གྱིས་ལས་གནས་བརྟན་སྲུང་བྱས།

ཧྲི་ཙི་ཡང་བགྲོད་ལམ་གྱི་འཛུགས་སྐྲུན་པ་ལའོ་རིན་ཁུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྗིད་ཉམས་ལྡན་པའི་རྣམ་པ་མངོན་ཡོད་པ་མ་ཟད། འོད་སྟོང་འཕྲོ་བའི་མདུན་ལྗོངས་ཀྱང་མངོན་ཡོད་པས་ང་ཚོར་སྐུལ་མ་ཚད་མེད་ཐེབས་ལ་སྐུལ་ལྕག་ཡང་ཆེན་པོ་ཐེབས་བྱུང་། ཧྲི་ཙི་ཡང་བགྲོད་ལམ་གྱི་ལས་གཞི་འཛུགས་སྐྲུན་དེ་ཚད་གཞི་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱེད་རྒྱུར་ཁག་ཐེག་བྱས་ཏེ། ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཚོ་ཁུགས་ཆེན་པོའི་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་ཐུབ་པར་ང་ཚོར་ཡིད་ཆེས་དང་ཆོད་སེམས་སྔར་ལས་བརྟན་པོ་ཡོད་ཟེར།

ཚན་རིག་རྟོག་ཞིབ་ཀྱི་མདུན་ས་ནས་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཡུལ་དང་པོ་རུ། གུང་གསེང་གི་སྐབས་སུ། ལས་རིགས་སོ་སོའི་མི་རྣམས་ཀྱིས་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་གྲུབ་འབྲས་མང་པོ་བསྡུ་ལེན་བྱེད་ཀྱིན་ཡོད།

མདོ་དབུས་མཐོ་སྒང་དུ། མདོ་དབུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་སྤེལ་བཞིན་པའི་སྒང་ཡིན་ལ། རུ་མི་ཚོས་མཚོ་འཕང་ཧ་ཅང་མཐོ་བའི་ས་ཁུལ་དུ་བརྟན་སྲུང་བྱེད་བཞིན་ཡོད་པ་དང་། ཐོབ་པའི་གྲུབ་འབྲས་ནི་རྩ་ཆེའི་ཚན་རིག་ཞིབ་འཇུག་གི་གཞི་གྲངས་རེད། ཚང་མས་ལེ་ཏ་བརྟག་དཔྱད་བརྒྱུད་དེ་མིག་སྔའི་མདོ་དབུས་མཐོ་སྒང་གི་འཁྱག་རོམ་ཆེས་མཐུག་ཤོས་རྙེད་པ་དང་མཐུག་ཚད་སྨི400ཙམ་ཡོད། དེས་མདོ་དབུས་མཐོ་སྒང་གི་གནམ་གཤིས་དང་ཁོར་ཡུག་འགྱུར་ལྡོག་ལ་ཞིབ་འཇུག་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན།

བྱང་ཤར་གྱི་ས་ནག་ཏུ་འཕྲུལ་ཆས་ཆེ་གྲས་ཕར་འགྲོ་ཚུར་འོང་བྱེད་པ་དང་། སྟོན་བསྡུའི་ལས་ཀ་བྲེལ་འཚུབ་ཀྱིས་སྤེལ་བཞིན་ཡོད། སྐབས་བསྟུན་དང་ཐབས་བཟང་ཤུགས་ཆེན་པོས་ཁྱབ་གདལ་བཏང་བས། ཐོན་འབབ་ཇེ་མང་དུ་ཕྱིན་པ་དང་འབྲུ་རྡོག་གཅིག་ཀྱང་མ་ལུས་པར་མཛོད་དུ་བཅུག

ལྷོ་ཕྱོགས་རྒྱ་མཚོའི་མཚོ་ཁོངས་སུ། ཧའེ་ནན་སན་ཧྲ་ཡི་ཉ་པ་ཚོས་སྔར་ལས་རིག་ནུས་ཡིན་ལ་སྔར་ལས་ཆེ་བའི་ཉ་གྲུ་བཏང་ནས་ཐག་རིང་གི་ཕྱོགས་སུ་བསྐྱོད་པ་དང་། ཉ་པ་ཚོས་སླེ་པོའི་ནང་འབྲས་བུའི་ཁེངས་ཡོད།

གུང་གསེང་གི་སྐབས་སུ། མི་མང་པོ་ཞིག་གིས་སྤྱིར་བཏང་གི་ལས་གནས་བརྟན་སྲུང་བྱས་ཏེ། གྲོང་ཁྱེར་གྱི་འཁོར་སྐྱོད་ལ་ཞབས་ཞུ་དང་འགན་སྲུང་བྱེད་པ་དང་། མང་ཚོགས་ཀྱི་འཚོ་བའི་ཆེད་རང་ནུས་གང་ཡོད་འདོན་བཞིན་ཡོད།

རྒྱལ་ཁབ་ལྕགས་ལམ་ཧ་ཨར་པིན་ཅུའུ་ཡི་འཕྲུལ་ཆས་ལས་དོན་དུམ་བུའི་བཟོ་པ200ལྷག་གིས་ལས་ཡུལ་དང་པོར་བརྟན་སྲུང་བྱས་ནས་མེ་འཁོར1000ལྷག་ཙམ་གྱི་གཙང་སྦྲའི་ལས་འགན་འཁུར་བཞིན་ཡོད། ཏུའུ70ཡི་དྲོད་ཚད་མཐོན་པོའི་འོག་བཟོ་པ་ཚོས་སྐེད་པ་སྒུར་སྒུར་བྱས་ནས་མེ་འཁོར་གྱི་གྲུ་ཟུར་ཚང་མ་གཙང་དག་བྱས་ཏེ། མེ་འཁོར་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱས།

སི་ཁྲོན་ནེ་ཅང་གི་ཁོར་སྲུང་པས་ལས་སྣོན་བྱས་ཏེ་གད་སྙིགས་གཙང་ཕྱགས་བྱེད་བཞིན་ཡོད་ལ། དུས་ཆེན་སྐབས་ཀྱི་གྲོང་ཁྱེར་གཙང་ཞིང་གྲལ་དག་པ་ཁག་ཐེག་བྱས།

སི་ཁྲོན་གྱི་ནེ་ཅང་གི་ཁོར་སྲུང་པ་ལིའུ་ཧྲི་ཧྥང་གིས་བཤད་རྒྱུར། རྒྱལ་སྟོན་གྱི་སྐབས་སུ་དཀའ་ལས་ཅུང་ཙམ་མྱངས་དགོས་རུང་སྐྱོན་ཅི་ཡང་མེད། གྲོང་མི་ཚོས་ཁོར་ཡུག་སྐྱིད་པའི་གུང་གསེང་ཞིག་རོལ་ཐུབ་པ་ནི་ངའི་རེ་བ་ཡིན་ཟེར།

པེ་ཅིང་ཐེན་ཐན་སྤྱི་གླིང་གི་ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས་ཀྱི་འགྲེལ་བཤད་པ་ཡའོ་ཆན་གྱིས་བཤད་རྒྱུར། རང་ཉིད་ཀྱིས་ཡུལ་སྐོར་བ་འབུམ་གཉིས་ལ་ཞབས་ཞུ་སྒྲུབ་ཐུབ་པས་གུང་གསེང་སྐབས་སུ་ངལ་གསོ་བྱེད་མ་ཐུབ་ཀྱང་འགྱོད་པ་སྤུ་ཙམ་མེད། རྒྱུ་མཚན་ནི་ཡུལ་སྐོར་བ་ཚོས་མྱོང་ཚོར་བྱས་པ་བཟང་ལ། ཁོ་ཚོའི་གདོང་གི་འཛུམ་མདངས་ཀྱིས་ཡོད་ཚད་མཚོན་ཡོད་ཟེར།

གུང་གསེང་གི་སྐབས་སུ། ས་གནས་སོ་སོའི་བྱ་འགུལ་ཕུན་སུམ་ཚོགས་པ་དང་། ས་གནས་མི་ཉུང་བ་ཞིག་ཏུ་ཡུལ་སྐོར་པ་མང་པོ་སླེབས་ཡོད། པེ་ཅིང་ཐེན་ཐན་སྤྱི་གླིང་དུ་ལས་བྱེད་མི་སྣ་ཡོངས་ལས་གནས་སུ་ཞུགས་ཡོད་པ་དང་། འགྲེལ་བཤད་པའི་ཉིན་རེའི་འགྲེལ་བཤད་བྱེད་པའི་དུས་ཡུན་ཆུ་ཚོད9ཙམ་རེད།

ཧྲང་ཧའེ་ཡི་མཚན་ལྗོངས་ཀྱིས་ཡུལ་སྐོར་བ་ཁྲི་སྟོང་མང་པོའི་ཡིད་དབང་བཀུག་པ་དང་། གློག་སྒྲོན་གྱི་འོད་མདངས་རྣམ་པར་བཀྲ་བའི་རྒྱབ་ཏུ་ལས་སྒྲུབ་མི་སྣ་ལས་ལ་བྲེལ་བའི་གཟུགས་བརྙན་མངོན། ཁོ་ཚོས་གློག་སྒྲོན་གྱི་གནས་ཚུལ་ལ་ལྟ་ཞིབ་དང་། འོད་ཁུངས་ཀྱི་ཟུར་ཚད་ལེགས་སྒྲིག གློག་གནོན་སྒྱུར་ཆས་བརྟན་པོ་ཡིན་མིན་བཅས་ལ་ཞིབ་བཤེར་བྱས་ནས། གུང་གསེང་སྐབས་སུ་གློག་སྒྲོན་ཚང་མ་བཀར་ཐུབ་པར་ཁག་ཐེག་བྱས།

ཧྲང་ཧའེ་གྲོང་ཁྱེར་མཛེས་ལྗོངས་གློག་འོད་ལྟ་སྐུལ་ཚོད་འཛིན་ལྟེ་གནས་ཀྱི་འཁོར་སྐྱོད་འགན་སྲུང་གི་འགན་འཁུར་བ་ཧྲིན་ཡོན་གྱིས་བཤད་རྒྱུར། གྲོང་མི་དང་ཡུལ་སྐོར་བར་གྲོང་ཁྱེར་གྱི་མཚན་ལྗོངས་ཡག་པོ་འབུལ་ཐུབ་པར་ང་ཚོར་སྤོབས་སེམས་ཆེན་པོ་སྐྱེས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། མི་དམངས་ཡོངས་ཀྱིས་ཐུན་མོང་གིས་འབད་འཐབ་བྱེད་པའི་ཁྲོད་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་དང་། ང་ཚོས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས། ཚང་མར་གྲོང་ཁྱེར་འདིའི་མཛེས་སྡུག་ཚོར་དུ་འཇུག་དགོས་ལ་མེས་རྒྱལ་གྱི་དར་རྒྱས་གོང་འཕེལ་ཡང་ཚོར་དུ་འཇུག་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号