མཚོ་བྱང་ཁུལ་གྱིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་མདོ་ལ་རིང་མོའི་ལྷོ་འདབས་མཚོ་སྔོན་ཡུག་ཁུལ་མཚོ་བྱང་དུམ་བུའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གྲལ་བཤེར་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ཚོགས།

 

     ཉེ་ཆར། མཚོ་བྱང་ཁུལ་གྱི་ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་དང་མདོ་ལ་རིང་མོའི་ལྷོ་འདབས་མཚོ་སྔོན་ཡུག་ཁུལ་མཚོ་བྱང་དུམ་བུའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གྲལ་བཤེར་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་དེ་བརྙན་ལམ་རྣམ་པའི་ཐོག་ནས་ཚོགས་ཤིང་། ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་ཀྲུང་དབྱང་གི་ཁོར་སྲུང་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་དཔེ་དང་ཡིག་བསྐུར་ངོ་བཅར་གྱོད་གཞིའི་ཆེད་དོན་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་ཚོགས་འདུ་གཙོ་སྐྱོང་གནང་།


  

  ཚོགས་འདུའི་ཐོག་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་བཀོད་སྒྲིག སྐུལ་འདེད་བཅས་གནང་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། ང་ཚོས་ངེས་པར་དུ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་མཐོ་ཚད་ཐོག་འགྲེང་སྟེ། ཏང་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་དང་ཆོད་སེམས་ཐོག་ནས་དངོས་གནས་དྲང་གནས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་བརྟེན་ནས་དག་ཐེར་ལེགས་བཅོས་དམ་འཛིན་ཏན་ཏིག་བྱས་ཏེ་ཕན་འབྲས་དངོས་ཐོན་པར་བརྩོན་ལེན་བྱེད་དགོས་ཏེ། གཅིག་ནས་ལངས་གནས་མཐོ་རུ་བཏང་ནས་བསམ་བློའི་ངོས་འཛིན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་དགོས། སྟེས་དབང་ཡོང་རེ་གཏན་ནས་བྱེད་མི་རུང་བ་དང་བསམ་བློ་གྱ་གྱུ་གཏན་ནས་བྱེད་མི་རུང་ལ། སྒྱིད་ལུག་གི་ངང་ནས་ཁ་གཏད་ཀྱང་གཏན་ནས་བྱེད་མི་རུང་བར་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་བཏོན་པའི་ཆབ་སྲིད་ཐོག་ནས་ལྟ་བ་དང་ཆབ་སྲིད་ཐོག་ནས་སྒྲུབ་པ། ཆབ་སྲིད་ཐོག་ནས་ལེགས་བཅོས་བཅས་བྱེད་པའི་བླང་བྱ་གཞིར་བཟུང་། ཆབ་སྲིད་ལ་དང་དོད་དང་སྤྱི་ཡོངས་ལ་སྣང་ཆེན། སྒྲིག་ཁྲིམས་ལ་སྣང་ཆེན་བཅས་བྱེད་པའི་མཐོ་ཚད་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དག་ཐེར་ལེགས་བཅོས་དམ་འཛིན་ཡག་པོ་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཚད་གཞི་ནན་ཤོས་དང་སྤྱོད་ཚུལ་ཏན་ཏིག བྱེད་ཐབས་ལེགས་པོས་སྣ་སོ་སོའི་བྱ་བ་ལེགས་སྒྲུབ་ནན་སྒྲུབ་བྱེད་དགོས། གཉིས་ནས་གཙོ་གནད་ལ་དམིགས་པ་དང་སྐུལ་འདེད་ཤུགས་ཆེན་གཏོང་བ། འཕྲལ་སྒྲུབ་འཕྲལ་བཅོས་བཅས་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཚན་སོ་སོས་འཕྲལ་ཐག་ཆོད་པོའི་བྱེད་ཐབས་སྤྱད་དེ་ཚད་གཞི་ནན་ཤོས་ལག་བསྟར་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་དག་ཐེར་དོན་འཁྱོལ་བྱ་རྒྱུ་ཆད་ལུས་མེད་པར་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། བརྒྱུད་སྤྲོད་བྱས་པའི་གྱོད་གཞི་མགྱོགས་མྱུར་ངང་ཐག་གཅོད་བྱས་ཏེ་རྣམ་འགྱུར་ཡང་དག་འཛིན་པ་དང་དག་སེལ་མི་བྱེད་པ་དང་གཡོལ་ཐབས་མི་བྱེད་པ། རང་འགན་གཞན་དཀྲི་མི་བྱེད་པར་འཕྲལ་མར་དག་ཐེར་བྱེད་ཐུབ་རིགས་འཕྲལ་མར་དག་ཐེར་ལེགས་བཅོས་བྱེད་དགོས་པ་དང་། དུས་ཡུན་ངེས་ཅན་ནང་དག་ཐེར་བྱེད་དགོས་རིགས་ལ་དག་ཐེར་ལེགས་བཅོས་ཀྱི་བྱེ་བྲག་གི་ཇུས་གཞི་ཞིབ་ཕྲ་ཏན་ཏིག་བཟོས་ནས་དག་ཐེར་གྱི་དམིགས་ཚད་དང་དག་ཐེར་ལེགས་བཅོས་བྱེད་ཐབས། འགན་འཁྲིའི་མགོ་ཁྲིད། འགན་འཁྲིའི་ལས་ཁུངས། ལེགས་སྒྲུབ་དུས་བཀག་བཅས་ཁ་གསལ་བཟོ་བ་དང་འབྲེལ་གོ་རིམ་ལྡན་པའི་ངང་དག་ཐེར་ལེགས་བྱེད་དགོས། གསར་དུ་བསྒྲུབ་རྒྱུར་སྤྲད་པའི་གྱོད་གཞིར་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་ཚང་མ་ཡུལ་དངོས་སུ་ལྟ་ཞིབ་བྱེད་པར་བསྐྱོད་དེ་གནས་ཚུལ་བརྟག་དཔྱད་ཞིབ་བསྡུར་བྱེད་པ་དང་གྱོད་གཞི་སྒྲུབ་གཉེར་བྱེད་པར་དངོས་སུ་ལྟ་སྐུལ་བྱེད་པ། དངོས་སུ་མིང་རྟགས་བཀོད་ནས་འགན་འཁུར་དགོས། གསུམ་ནས་གཅིག་ཤེས་ཀུན་གྲོལ་གྱིས་གནད་དོན་གྲལ་བཤེར་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཚན་སོ་སོས་འཕྲལ་མར་འགུལ་སྐྱོད་སྤེལ་ནས་གཙོ་གནད་དང་འགག་རྩ་མངོན་གསལ་དོད་པོ་ཡོང་བ་དང་ཆད་ལྷག་གཅིག་ཀྱང་མེད་པའི་གྲལ་བཤེར་ཐེངས་གཅིག་བྱས་ཏེ་གནད་དོན་ཕྱོགས་ཡོངས་ནས་གྲིབ་ཆ་མེད་པ་དང་ཁུག་ཀྱོག་མེད་པ། ཆད་ལུས་མེད་པ་བཅས་འགན་ལེན་བྱེད་དགོས།  བཞི་ནས་ནན་ཏན་དང་མགྱོགས་མྱུར་གྱིས་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས། “ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས། མཉམ་འཛིན་སྤྱི་སྒྲུབ། འགན་འཛོལ་འགན་འཁྲི་བདའ་འདེད”བཅས་ཀྱི་བླང་བྱ་གཞིར་བཟུང་། གྱོད་གཞི་རེ་རེ་བཞིན་དུས་ཐོག་ཏུ་རྒྱུ་རྐྱེན་རྩད་གཅོད་དང་འགན་འཁྲི་གསལ་འབྱེད་བྱས་ཏེ་འགན་འཁྲི་བདའ་འདེད་ཀྱི་གོ་རིམ་མགྱོགས་མྱུར་སྤེལ་ནས་ཁྲིམས་འགལ་སྒྲིག་འགལ་གྱི་ཁེ་ལས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་མོ་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཚན་སོ་སོས་གཟབ་ནན་དང་སླ་བཅོས་སྤུ་ཙམ་ཡང་མི་བྱེད་པར་འགན་འཁྲིའི་མགོ་ཁྲིད་སྔར་བས་ཁ་གསལ་དང་། འཇོན་ཐང་ཆེ་བའི་སྟོབས་ཤུགས་སྐོང་འཐེན་བྱས་ཏེ་གྱོད་གཞིའི་རྒྱུ་ཆ་གནད་ལ་འཁེལ་ཞིང་ཕན་ནུས་ཆེ་བའི་འགན་ལེན་བྱེད་དགོས་པ་ལས་ལྷོད་གཡེང་གཏན་ནས་བྱེད་མི་རུང་བ་དང་། ཚད་གཞི་ནན་སྲུང་དང་གནད་འཁེལ་ནུས་ཆེའི་སྒོ་ནས་ཡིག་ཚགས་དཔྱད་ཡིག་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན།


   


ཚོགས་འདུའི་ཐོག་རྫོང་སོ་སོ་དང་ལས་དོན་ཚན་ཆུང་ཁག་གི་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཡིག་བསྐུར་ངོ་བཅར་གྱོད་གཞི་སྒྲུབ་གཉེར་དག་ཐེར་དང་མདོ་ལ་རིང་མོའི་ལྷོ་འདབས་མཚོ་སྔོན་ཡུག་ཁུལ་མཚོ་བྱང་དུམ་བུའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་སྐོར་གྱི་གནས་ཚུལ་ལ་གསན་པ་རེད།


    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་། ཁུལ་དཔོན་གཞོན་པ་ལི་ཞང་ཏུང་གཉིས་སོ་སོར་འཇུ་ལག་རྫོང་དང་མདོ་ལ་རྫོང་གི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་དང་། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་དང་ཚའོ་ཅི་ཆང་། དེ་བཞིན་ཁུལ་གྱི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་མཚོ་བྱང་དུ་སྡོད་པའི་སྐབས་ཀྱི་མཐུན་སྦྱོར་ལས་དོན་མགོ་ཁྲིད་ཚན་ཆུང་གི་ལས་དོན་ཚན་ཆུང་ཁག་གི་ཚན་གཙོ་དང་ཚན་གཙོ་གཞོན་པ། མདོ་ལ་རིང་མོའི་ལྷོ་འདབས་མཚོ་སྔོན་ཡུག་ཁུལ་མཚོ་བྱང་དུམ་བུའི་སྐྱེ་ཁམས་་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ཚན་པའི་འགན་འཁུར་བློ་མཐུན་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号