མཚོ་སྔོན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོང་གི་དཔེ་མཚོན་གྱོད་དཔེ5ཁྱབ་བསྒྲགས་བྱས་པ།

ཟླ6པའི་ཚེས5ཉིན་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁོར་ཡུག་སྲུང་སྐྱོང་ལས་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ནས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དཔེ་མཚོན་གྱོད་དཔེ5ཁྱབ་བསྒྲགས་བྱས་པ་དང་། སྔར་ལས་ལྷག་པར་སྤྱི་ཚོགས་སྤྱི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཆེ་རུ་ཕྱིན་པ་དང་། སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཐུན་མོང་ཐོག་དོ་ཁུར་བྱ་རྒྱུའི་ཁྲིད་སྟོན་བྱས།

ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་དཔེ་མཚོན་གྱོད་དོན་ནི་སོ་སོར་མ་ཆེ་གེ་མོ་དང་སའོ་ཆེ་གེ་མོ་གཉིས་ཀྱིས་ཁྲིམས་འགལ་གྱིས་མེ་མདའ་ཉོ་སྒྲུབ་བྱེད་པ་དང་། ཁྲིམས་འགལ་གྱིས་རི་དྭགས་རྔོན་པ། རི་སྐྱེས་སྲོག་ཆགས་རྩ་ཆེན་རྔོན་པ་སོགས་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི་དང་། མ་ཆེ་གེ་མོས་ཁྲིམས་འགལ་གྱིས་རི་དྭགས་རྔོན་པ། རི་དྭགས་རྩ་ཆེན་དང་ཉམས་རྒུད་དུ་འགྲོ་བཞིན་པའི་རི་སྐྱེས་སྲོག་ཆགས་རྔོན་པའི་གྱོད་དོན། རིན་ཆེ་གེ་མོས་ཁྲིམས་འགལ་གྱིས་གཏེར་ཁ་སྔོན་འདོན་བྱེད་པ་དང་། མ་ཆེ་གེ་མོས་རི་དྭགས་རྩ་ཆེན་དང་རི་སྐྱེས་སྲོག་ཆགས་རྩ་ཆེན་རྔོན་པའི་གྱོད་དོན། ཁོན་ཆེ་གེ་མོས་ཤུག་པ་དང་ཤུག་པ་རྐུ་འཁྱེར་བྱེད་པའི་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་དོན། དཔེ་མཚོན་གྱོད་དོན་འདི་དག་ནི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ཁོར་ཡུག་ཐོན་ཁུངས་ཕྱོགས་ཀྱི་ཉེས་དོན་གྱོད་གཞི་ཡིན་པ་དང་། གཏེར་ཁའི་ཐོན་ཁུངས་དང་། རི་སྐྱེས་སྲོག་ཆགས། ནགས་ཚལ་ཐོན་ཁུངས་སོགས་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུ་ཚུད་ཡོད་པ་དང་། ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་དང་སླར་གསོ་རང་བཞིན་གྱི་ཁྲིམས་འཛིན་ལམ་ལུགས་སོགས་དང་འབྲེལ་བ་ཡོད་པའི་ནང་དོན་ཚུད་ཡོད།

མདོ་ལ་རི་བོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཉེ་བའི་ལོ་འགའི་རིང་མཚོ་སྔོན་གྱི་རིམ་པ་སོ་སོའི་ཁྲིམས་ཁང་གིས་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ངོས་འཛིན་གང་ལེགས་བྱས་ཏེ། ལམ་ལུགས་ནན་མོས་ཁྲིམས་སྐྱོང་མཐའ་འཁྱོངས་བྱེད་པ་དང་། སྲུང་སྐྱོང་འཕེལ་རྒྱས་དང་ཁོར་ཡུག་བཅོས་སྐྱོང་གལ་ཆེན་མཐོང་འཁྱོངས་བྱེད་པ། ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་སྐྱེ་ཁམས་སླར་གསོ་མཉམ་དུ་མཐའ་འཁྱོངས་བཅས་བྱས་ནས་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོང་གི་རྣམ་པ་གསར་པ་མུ་མཐུད་དུ་འཚོལ་ཞིབ་བྱས་ཏེ། མདོ་ལ་རི་བོའི་སྐྱེ་ཁམས་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་དང་སྣ་མང་ཁྱོན་ཡོངས་ནས་སྲུང་སྐྱོང་བྱས་པ་བརྒྱུད། ཕན་འབྲས་ཡོད་པའི་སྒོ་ནས་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་འཛིན་འགན་ལེན་མཁོ་འདོན་བྱས་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号