མཚོ་སྔོན་གྱི་བོད་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ཁང་ཐོག་མ་དེ་མདོ་ལ་རུ་གཞིས་ཆགས་པ།

ཟླ6པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་གྱི་བོད་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ཁང་དང་པོ་དང་། མདོ་ལ་རྫོང་གི་ལྗང་མདོག་སྐྱེ་ལྡན་རྩྭ་ཕྱུགས་ལས་རིགས་འབུམ་རམས་པའི་ལས་དོན་ས་ཚིགས་མདོ་ལ་རྫོང་ཞིང་ཕྱུགས་ཚན་རྩལ་དཔེ་སྟོན་གླིང་དུ་དུས་གཅིག་ཏུ་སྒོ་བྱང་བཀལ་ནས་བཙུགས། དེས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་བོད་ལུག་ཐོན་ལས་ཞིབ་འཇུག་དང་འཕེལ་རྒྱས། ཐོན་སྐྱེད་ཁྱབ་ཁོངས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་གོམ་སྟབས་གསར་པ་སྤོས་པ་མཚོན་ཡོད།

མཚོ་སྔོན་ཞིང་ཆེན་བོད་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ཁང་དང་མདོ་ལ་རྫོང་གི་ལྗང་མདོག་སྐྱེ་ལྡན་རྩྭ་ཕྱུགས་ལས་རིགས་འབུམ་རམས་པའི་ལས་དོན་ས་ཚིགས་བཙུགས་པ་ནི། ཚན་རིག་ཞིབ་འཇུག་གླིང་དང་མཐོ་རིམ་སློབ་གྲྭ། མདོ་ལ་རྫོང་ཨུ་དང་རྫོང་སྲིད་གཞུང་གཉིས་ཀ་གཉིས་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པ་ཞིག་ཡིན་ལ། མདོ་ལ་རྫོང་དང་ཞིང་ཆེན་ཁོངས་གཏོགས་ཀྱི་ཚན་རྩལ་ལས་ཁུངས་བར་མཉམ་ལས་བྱ་བར་གོ་སྐབས་གསར་པ་དང་འཕེལ་རྒྱས་ཀྱི་བར་སྟོང་སྔར་ལས་ཆེ་བ་ཞིག་བསྐྲུན་རྒྱུ་ཡིན་པས། མདོ་ལའི་བོད་ལུག་ཐོན་ལས་དང་འབྲོག་ལས་ཀྱིས་ཚན་རྩལ་ལ་འདེགས་སྐྱོར་དང་། རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དཔལ་འབྱོར་གྱི་ཕན་འབྲས་སྔར་ལས་ཆེ་བ་ཐོན་སྲིད།

རྒྱུས་ལོན་བྱུང་བ་ལྟར་ན། མདོ་ལ་རྫོང་ལ་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་རྩྭ་ཐང་དྲུག་གི་གྲས་ཏེ། མདོ་ལ་རི་བོའི་རྒྱ་ཆེ་ཞིང་ཡངས་པའི་རྩྭ་ཐང་ཆེན་པོ་ཡོད་པས། “མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་བོ”ཞེས་བརྗོད་ཀྱི་ཡོད། ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཏན་འབེབས་བྱས་པའི་འཐབ་ཇུས་དམིགས་ཚད་ཀྱི་བླང་བྱ་གཞིར་བཟུང་། “གཞན་ལ་མེད་ན་རང་ལ་ཡོད་པ་དང་། གཞན་ལ་ཡོད་ཀྱང་རང་གི་དེ་ལས་ལྷག་པ། གཞན་ལ་དགེ་མཚན་ཡོད་ན་རང་ལ་ཁྱད་ཆོས་ལྡན་པ། གཞན་ལ་ཁྱད་ཆོས་ལྡན་ན་རང་གི་སྤུས་ཀ་ལེགས་པ”ཞེས་པའི་ཁྱད་པར་ཅན་གྱི་འཕེལ་རྒྱས་ཀྱི་བསམ་བཀོད་བརྩི་སྲུང་བྱས་ནས། “སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ”འཛུགས་སྐྲུན་དེ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ཇུས་ཆོད་དང་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ནང་བཅུག་ནས་ལག་བསྟར་ལ་སྐུལ་འདེད་བཏང་བ་དང་། “གླིང་ཁུལ་གཉིས་དང་ཆུས་གཉིས་ཀྱི་ས་ཚིགས་གསུམ་དང་ས་ཚིགས་བཞི་རྟེན་གཞི་ལྔ”ཡི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་འཆར་འགོད་བྱས་ནས། “ཁྲི་སྟོང་རིམ་པའི”བོད་ལུག་དང་ནོར་གནག་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་། གསོ་སྤེལ་རྟེན་གཞི་ཚད་གཞི་མཐོན་པོ་བསྐྲུན་ཏེ། ལྗང་མདོག་ཞིང་ཕྱུགས་ལས་དང་སྤུས་རྟགས་ལྡན་པའི་ཞིང་ཕྱུགས་ལས་འཕེལ་རྒྱས་དང་། ཁྱད་ལྡན་ཞིང་ཕྱུགས་ལས་རིགས་སྒྱུར་རིམ་སྤར་ལ་མགྱོགས་པོར་སྐུལ་འདེད་གཏང་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号