མཚོ་བྱང་ཁུལ་གྱི“ཐོན་ལས་དར་དང་ཟོང་རྟགས་གཏོད། ཐོན་འབབ་བརྩོན། ཡར་རྒྱས་སྐུལ”ཞེས་པའི་རྒྱུད་བཟང་ཕྱུགས་རྒྱུད་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་འགྲན་བསྡུར་བྱེད་སྒོ་བདེ་བླག་ངང་མཇུག་སྒྲིལ།


   ཟླ8པའི་ཚེས4ཉིན་གྱི་ཕྱི་དྲོར། མཚོ་བྱང་ཁུལ་གྱི“ཐོན་ལས་དར་དང་ཟོང་རྟགས་གཏོད། ཐོན་འབབ་བརྩོན། ཡར་རྒྱས་སྐུལ”ཞེས་པའི་རྒྱུད་བཟང་ཕྱུགས་རྒྱུད་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་འགྲན་བསྡུར་བྱེད་སྒོའི་འགྲེམས་སྟོན་འོས་སྦྱོར་དང་འགྲན་བསྡུར་གྱི་ལས་འགན་སོ་སོ་བདེ་བླག་ངང་ལེགས་འགྲུབ་བྱུང་ནས་གསེར་དངུལ་རྩྭ་ཐང་དུ་རྒྱལ་ཁའི་ངང་མཇུག་སྒྲིལ།   

   ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་ཚེ་བརྟན། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་།  ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུང་ཞུག་ཙུང་། ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་བཅས་བྱ་དགའ་གནང་བའི་མཛད་སྒོར་ཕེབས་པར་མ་ཟད་བྱ་དགའ་ཐོབ་པའི་ཁེ་ལས་དང་མི་སྒེར། དེ་བཞིན་ལས་ཁུངས་བཅས་ལ་བྱ་དགའ་གནང་།   

   ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་དང་སྒྲིག་ཆས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ནོར་གནག་དང་བོད་ལུག ནས། ལོག་དཀར། གཟན་རྩྭ་བཅས་ཐོན་ལས་ཆེན་པོ་ལྔ་དར་རྒྱས་གཏོང་བའི་བཟོ་སྐྲུན་ལག་བསྟར་ཤུགས་ཆེན་བྱས་ནས་ཞིང་ཕྱུགས་ལས་ཀྱི་རྣམ་པ་གསར་བའི་གཉེར་སྐྱོང་སྐྱེད་སྲིང་དང་སྟོབས་ཆེར་བཏང་སྟེ་བོད་ལུག་ཁྲི་དང་ནོར་གནག་སྟོང་གི་རྟེན་གཞི་བསྐྲུན་ནས་གཟན་ཆས་བཟོ་གྲྭ་དང་ཕྱུགས་ཟོག་ཉོ་ཚོང་ཁྲོམ་ར། བཤས་ར། འཁྱག་མཛོད་འཁྱག་སྦྲེལ། སྐྱེ་ལྡན་ལུད་རྫས་བཟོ་གྲྭ ནས་དང་ལོག་དཀར་བཟོ་གྲྭ ཀོ་བཟོ་དང་ནོར་ལུག་གི་ཁུ་ལུ་དང་བལ་བེད་སྤྱོད་ལས་སྣོན་བཟོ་གྲྭ། སོན་བཟང་གསོ་སྤེལ། སོན་མཁོ་འདོན་རྟེན་གཞི་སོགས་ཕྱུགས་ལས་ཐད“གཅིག་ཅན་བརྒྱད”ཀྱི་སྒྲིག་ཆས་ཆ་ཚང་སྒྲིག་སྦྱོར་བྱས་ཤིང་། སྔ་རྗེས་སུ་མཚོ་བྱང་གི་སྣུམ་དང་བོད་ལུག་མཚེ་རྒྱུད། མདོ་ལའི་རྭ་མེད་བོད་ལུག མཚོ་སྐོར་ས་ཁུལ་གྱི་ནོར་གནག་སོགས་ཕྱུགས་རྒྱུད་གསོ་སྤེལ་བྱས་ཡོད། ཁུལ་ཡོངས་ཀྱི་རྩྭ་ཐང་མུའུ་ཁྲི1770དང་། བོད་ལུག་ནོར་གནག་ཁྲི136ལ་སྐྱེ་ལྡན་གྱི་ཁས་ལེན་ཐོབ་ཡོད་ཅིང་། ལྗང་མདོག་སྐྱེ་ལྡན་ཆས་རྟགས་སྣ་ཁ200ལྷག་ཙམ་ཞིབ་བཟོ་བྱས་ཡོད་ལ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་གཞན་སྒྱུར་བྱེད་ཚད60%ཡན་ལ་སླེབས་པ་དང་། ཞིང་ཕྱུགས་ལས་ཀྱི་སྒྲིག་བཀོད་ཅན་གྱི་བསྡུར་ཚད99%ཡན་ལ་སླེབས་ཡོད། སྔ་རྗེས་སུ་ཞིང་ཆེན་རིམ་པའི་ཚན་རྩལ་གྲུབ་འབྲས་ཁག22ཐོ་འགོད་བྱས་ལ། རྒྱལ་ཁབ་ཀྱི་དངོས་སྤྱོད་དཔེ་གསར་གྱི་ཁེ་བེད་བདག་ཐོབ་ཁག6ལེགས་གྲུབ་བྱུང་ཡོད། མཚོ་བྱང་འདི་ཉིད་བྱང་ཕྱོགས་ཀྱི་ལོག་དཀར་འབྱུང་ཁུངས་ཀྱི་ལྟེ་གནས་དང་རྒྱལ་ཡོངས་ཀྱི་ནས་ཀྱི་ས་བོན་བཟང་སྒྱུར་རྟེན་གཞི་དང་ལོག་དཀར་ཐོན་སྐྱེད་རྟེན་གཞིར་གྱུར་ནས“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་དེ་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད་པ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད་པར་བསྟན།    


   ཤ་བོ་སྐྱབས་ཀྱིས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པ་གོ་སྐབས་སུ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་གནས་བབ་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་ཀྱིས་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཐད་མུ་མཐུད་ཤུགས་སྣོན་པ་དང་། མཚོ་བྱང་གི་སོན་རྒྱུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ། ཞིང་ཕྱུགས་ལས་ཀྱི་ལྟེ་བའི་ལག་རྩལ་འགག་སྒྲོལ་དང་ཁྱབ་གདལ་གཏོང་བ། ཞིང་ཕྱུགས་ལས་ཀྱི་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་ཕྱུགས་ལས་ཐོན་ལས་ཀྱི་འདེབས་འཛུགས་དང་གསོ་ཚགས། ཉོ་ཚོང་། འོས་སྦྱོར་བཅས་ཚོང་ལས་ཅན་གྱི་མ་ལག་དང་ལེགས་ཆའི་ཁེ་ལས་ཀྱི་སྔོན་ཐོན་རྣམ་པ་ཧུར་ཐག་སྒོས་གཏོད་པ་དང་། བོད་ལུག་དང་ནོར་གནག་གི“ཁྲི་སྟོང་འཆར་གཞི“མགྱོགས་སུ་བཏང་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་སོན་བཟང་སྤུས་ལེགས་ཐོན་རྫས་ཁག་ཅིག་སྐྱེད་སྲིང་བྱས་ཏེ“མཚོ་བྱང་རྟགས་ཅན”གྱི་ལྗང་མདོག་ཆས་རྟགས་སྟོབས་ཆེར་གཏོང་བ་དང་། རིན་ཐང་འབྲེལ་ཐག་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྣུར་བསྲིང་བྱེད་པ། ཆས་རྟགས་ཀྱི་ཕན་འབྲས་འཕེལ་བར་བྱེད་པ། ཐོན་ལས་ཀྱི་ཕན་འབྲས་དང་མང་ཚོགས་ཀྱི་ཡོང་སྒོ་མང་དུ་འཕར་བ་མངོན་འགྱུར་ཧུར་ཐག་ཡོང་བར་བྱེད་པ་བཅས་བྱས་ཏེ་གྲོང་གསེབ་དར་སྤེལ་གཏོང་བའི་ཐོན་ལས་ཀྱི་འདེགས་སྐྱོར་སྔར་བས་བརྟན་དུ་གཏོང་དགོས་པ་ནན་གྱིས་བསྟན།    


   ཁུལ་དམངས་ཆེན་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚན་ཁག་གི་ཁོངས་མི་དང་། ཁུལ་ཨུའི་སྡེ་ཁག་སོ་སོ་དང་། ཁུལ་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པའི་འགན་འཁུར་བ་གཙོ་བོ། རྫོང་བཞིའི་རྫོང་ཨུ་དང་སྲིད་གཞུང་། མཚོ་སྔོན་པོ་ཞིང་རའི་མགོ་ཁྲིད་གཙོ་བོ། ཁུལ་དང་རྫོང་གི་ཞིང་ཕྱུགས་སྡེ་ཁག་གི་འགན་འཁུར་བ། དེ་བཞིན་འགྲེམས་སྟོན་འགྲན་བསྡུར་ནང་ཞུགས་པའི་ལས་ཁུངས་ཚང་མ་བཅས་བྱ་དགའ་གནང་བའི་མཛད་སྒོར་ཞུགས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号